སློབ་གཉེར་བྱས་ནས་འཛམ་གླིང་སྤྱི་ལ་ཕན་ཐོག་བསྒྲུབ་ཐུབ་པ་བྱེད་དགོས། ༧གོང་ས་མཆོག་གིས།

2020-06-12
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་སྐྱབ་མགོན་ཆེན་པོ་མཆོག 2020/6
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་སྐྱབ་མགོན་ཆེན་པོ་མཆོག 2020/6
OHHDL

སོག་པོ་ཚོས་ནང་པའི་བསྟན་པ་ལ་ཞབས་འདེགས་རླབས་ཆེན་བསྒྲུབ་ཡོད་པ་དང་མུ་མཐུད་སློབ་གཉེར་བྱེད་དགོས་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སྩལ་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། འདི་ཚེས་༥་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན། བཞུགས་སྒར་རྡ་རམ་ས་ལའི་རྒྱལ་བའི་ཕོ་བྲང་ནས་བརྙན་འཕྲིན་དྲ་ལམ་བརྒྱུད་སོག་པོའི་རྒྱལ་ས་ཨུ་ལན་བྷ་དྷར་རུ་ས་ག་ཟླ་བའི་དུས་ཆེན་སྲུང་བརྩིའི་ཐོག་བཀའ་སློབ་སྩལ་སྐབས། སོག་པོ་ཚོས་ནང་པ་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐོག་ཞབས་འདེགས་རླབས་ཆེན་བསྒྲུབ་ཡོད་པ་དང་། ད་དུང་ཡང་མུ་མཐུད་ནས་སློབ་གཉེར་བྱས་དགོས་པ་དང་། དེང་སང་འཛམ་གླིང་ནང་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་ང་རང་ཚོས་སློབ་གཉེར་བྱེད་བཞིན་པའི་དཔལ་ཎ་ལེན་ཊའི་ཆོས་བརྒྱུད་ལ་དེ་བས་དོ་སྣང་བྱེད་མཁན་མང་པོ་ཡོང་བཞིན་ཡོད་པ་དེའི་ཐོག་ནས་ཁྱེད་རང་ཚོའི་སོག་ཡུལ་ནང་སློབ་གཉེར་བྱེད་དགོས་པ་དེ་གལ་ཆེ་ཡིན་པ་བཀའ་གནང་འདུག

དེ་བཞིན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་སློབ་གྲྭ་ཁག་གི་ནང་། རིག་ལམ་དང་བློ་རིག་གི་རྣམ་བཞག་ལ་སློབ་ཁྲིད་བྱས་པ་ཡིན་ན་ཕན་ཡོན་ཆེན་པོ་ཡོད་པ་དང་།

མ་འོངས་བར་མུ་མཐུད་ནས་སློབ་གཉེར་བྱས་ཏེ་མདོ་དོན་འཛམ་གླིང་སྤྱི་ལ་ཕན་ཐོག་བསྒྲུབ་ཐུབ་པ་ཞིག་བྱེད་དགོས་གལ་ཆེ་བ་བཀའ་སྩལ་གནང་འདུག

ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པ་ཚོས་ཐེག་པ་ཆེ་ཆུང་གི་དབྱེ་བ་མེད་པར་ཕན་ཚུན་ལེགས་ཆ་ལེན་རྒྱུ་གལ་ཆེན་པོ་ཡིན་པ་དང་། གཞན་དོན་བསྒྲུབ་རྒྱུ་དེ་སྨོན་ལམ་རྒྱབ་པ་ཙམ་མ་ཡིན་པར་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་གཞན་ལ་ཕན་ཐོག་བསྒྲུབ་ཐུབ་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད་ཅེས་བཀའ་སྩལ་གནང་མཛད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།