༧གོང་ས་མཆོག་མི་རིང་བར་ཨི་ཊ་ལིར་ཆིབས་བསྒྱུར་གནང་འཆར།


2017.05.16
བོད་ཀྱི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག ༢༠༡༧།༥ བོད་ཀྱི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག ༢༠༡༧།༥
OHHDL

༧གོང་ས་མཆོག་ཨི་ཊ་ལིའི་ནང་ཚོགས་རྒྱུའི་ཆོས་ལུགས་རིས་མེད་དུས་སྟོན་གྱི་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་གདན་ཞུ་གནང་འདུག  
མི་རིང་བའི་ཕྱི་ཟླ་ ༩ པའི་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལིའི་ནང་ཆོས་ལུགས་རིས་མེད་དུས་སྟོན་གྱི་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུ་ཡིན་འདུག  
དེ་ཡང་གོང་ཞུས་ཆོས་ལུགས་རིས་མེད་ཀྱི་དུས་སྟོན་དེ་བཞིན་འདི་ལོའི་ཕྱི་ཟླ་ ༩ པའི་ཚེས་ ༡༩ ནས་ ༢༣ བར་ཨི་ཊ་ལིའི་ས་གནས་ (Florence) རུ་བསྐྱང་རྒྱུ་ཡིན་པ་དང༌། དུས་སྟོན་གོ་སྒྲིག་གནང་མཁན་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་དང་པོའི་མཛད་སྒོ་དབུ་འབྱེད་དང་འབྲེལ་ཉིན་དེའི་ཞོགས་པར་༼ཁྲིམས་གཞིའི་རང་དབང༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གི་ཚོགས་འདུའི་ནང་ལྷན་ཞུགས་གནང་རྒྱུ་ཡིན་འདུག་ཅིང༌། བགྲོ་གླེང་དེའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལྷན་དུ་མངའ་ཁུལ་གྱི་ས་གནས་ (Bose) ཟེར་བའི་ཡེ་ཤུའི་ཆོས་དཔོན་ (Enzo Bianchi) དང༌། (Florence) མངའ་ཁུལ་གྱི་ཁ་ཆེའི་ཆོས་དཔོན་ (Ezzedin Elzir) བཅས་ཀྱང་མཉམ་ཞུགས་གནང་གི་ཡོད་འདུག་པ་དང༌། ཡང་ཉིན་དེའི་ཕྱི་དྲོ་ས་གནས་སུ་ཡོད་པའི་རྫེ་ཙོང་ཁ་པ་ཆོས་ཚོགས་ཀྱིས་གོ་སྒྲིག་འོག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ ༼ཤེས་ཡོན་གྱི་ལམ་ནས་ཞི་བདེ་༽ ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག
གནས་ཚུལ་ནང་འགྲེལ་བརྗོད་བྱས་པར་གཞིགས་ན། གོང་ཞུས་ཆོས་ལུགས་རིས་མེད་ཀྱི་དུས་སྟོན་དེ་བཞིན་ (Florence) ས་གནས་སུ་རྟེན་གཞི་བྱས་པའི་ (Nelson Mandela) གླེང་སྟེགས་ཟེར་བའི་ལྟེ་གནས་སུ་གོ་སྒྲིག་གནང་གི་ཡོད་པ་དང༌། ལྟེ་གནས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཕྱི་ལོ་ ༡༩༩༩ ལོར་ཡང་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།།

གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷོསི་ཊོན་གཟའ་མཇུག་བོད་ཡིག་སློབ་གྲྭ
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་བལ་ཡུལ་ལ་ཨ་སྒོར་ས་ཡ་ ༢༠ རོགས་སྐྱོར་བྱ་རྒྱུ་སོགས་དོན་ཚན་དགུ་ཅན་གྱི་གྲོས་མཐུན་ལ་མཚན་རྟགས་བསྐྱོན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎