༸གོང་ས་མཆོག་གིས་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡིན་ན་རང་གཞན་གཉིས་ལ་ཕན་ཐོགས་ཡོད་ཅེས། བཀའ་བསྩལ་བ།

2023.12.14
༸གོང་ས་མཆོག་གིས་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡིན་ན་རང་གཞན་གཉིས་ལ་ཕན་ཐོགས་ཡོད་ཅེས། བཀའ་བསྩལ་བ། ༸གོང་ས་མཆོག་གིས་སྲད་རྒྱུད་གྲྭ་ཚང་དུ་བཀའ་ཆོས་སྩལ་བའི་སྐབས། ༢༠༢༣།༡༢།༡༤ ཉིན།
བོད་མིའི་སྒྲིག་འཛུགས།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་གར་བྱང་ཤར་འབྲས་ལྗོངས་ནང་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་འདི་ཚེས་ ༡༤ ཉིན་གྱི་སྔ་དྲོ་སྒང་ཏོག་ནས་ཐད་འཕུར་གནམ་གྲུ་བརྒྱུད་ནུབ་བྷང་གལ་གྱི་གྲོང་ཁྱེར་ས་ལུ་སྒར་ཡོད་པའི་དམག་མིའི་གནམ་གྲུའི་འབབ་ཐང་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་རེད། གནམ་གྲུའི་འབབ་ཐང་ནས་མགོན་པོ་མཆོག་ཆིབས་འཁོར་བརྒྱུད་ས་ལུ་སྒར་རྟེན་གཞི་བྱས་པའི་དཔལ་ལྡན་སྲད་རྒྱུད་གྲ་ཚང་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་ཅིང་། དེར་དགོན་པའི་མཁན་བླ་འདུས་མང་ཡོངས་དང་ཀ་རྡོར་སྒང་གསུམ་དང་ཤི་ལོང་། ཨ་རུ་ནཱ་ཅལ། འབྲུག བལ་ཡུལ་བཅས་ནས་ཕེབས་པའི་དད་ལྡན་པ་སྟོང་ཚོ་མང་པོས་ལག་དུ་དཀར་གཙང་མཇལ་དར་དང་མེ་ཏོག་སོགས་བསྣམས་ཏེ་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ་རེད། མགོན་པོ་མཆོག་སྲད་རྒྱུད་གྲྭ་ཚང་གི་ཚོམས་ཆེན་ནང་ཞབས་སོར་འཁོད་མཚམས་སུ་སྲས་རྒྱུད་གྲྭ་ཚང་གི་མཁན་པོ་བློ་བཟང་དབང་འདུས་ལགས་ནས་མན་ཌལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་རེད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱང་ཆུབ་ཀྱི་སེམས་སྒོམ་པ་ཡིན་ན་རང་གཞན་གཉིས་ལ་ཕན་ཐོགས་ཡོད་ཅེས་བཀའ་སྩལ་སོང་། 

དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་མང་ཚོགས་ལ་སེམས་བསྐྱེད་ཀྱི་ཆོས་འབྲེལ་བསྩལ་བ་དང་འབྲེལ། ཆོས་ཁས་ལེན་མིན་ལ་མ་བལྟོས་པར་ཚང་མས་སེམས་པ་བཟང་པོ་བྱ་རྒྱུ་དེ་གལ་ཆེ་ཡིན། ཞེས་དང་། འཛམ་གླིང་འདི་ཞི་བདེ་ལྡན་པ་ཞིག་ཡོང་བར་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་དང་ཀུན་ལ་ཕན་པ་དང་བརྩེ་བ་བསྐྲུན་རྒྱུ་གལ་ཆེ་ཡིན། ཞེས་དང་། 

410179250_747115147451983_2201129930662900709_n.jpg

མཐའ་མཇུག་མགོན་པོ་གང་ཉིད་མཆོག་གི་ས་དགེ་བཀའ་རྙིང་རིས་སུ་མ་མཆིས་པ་ཚང་མ་ཐུགས་མཐུན་ཁྲིམས་གཙང་དགོས་གལ་ཆེ་བའི་སྐོར་བཀའ་བསྩལ་སོང་། ཆོས་འབྲེལ་གྲུབ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་ལྡན་སྲད་རྒྱུད་གྲྭ་ཚང་ནས་གུང་ཚིགས་ལྗགས་མིན་འདེགས་འབུལ་ཞུས་ཡོད་པ་རེད། 

སྐབས་དེར་རྡོ་རྗེ་གླིང་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་རང་ལོ་ ༧༩ སོན་པ་ཨ་མ་ཚེ་དབྱངས་ལགས་ཀྱིས་མ་འཆི་གོང་སངས་རྒྱས་སྐུ་དངོས་སུ་མཇལ་རྒྱུ་བྱུང་བར་བསོད་ནམས་ཆེན་པོ་དང་ད་ཁོང་རང་འཆི་ན་ཡང་འགྱོད་པ་མེད་གསུངས་ཀྱི་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབྲས་ལྗོངས་དང་ས་ལུ་སྒར་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་མགོན་པོ་མཆོག་ཕྱི་ཚེས་ ༡༥ ཉིན་སྦག་དྲོ་རའི་གནམ་ཐང་ནས་མཁའ་ལམ་བརྒྱུད་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་ཞལ་བསྒྱུར་གནང་མཛད་རྒྱུ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་། 
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲུག་ཡུལ་ཐེ་བའི་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་དད་ལྡན་པ་ ༤༠༠ ལ་མཇལ་ཁ་སྩལ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎