ཆུ་རགས་ལ་བརྟེན་ནས་ཡུལ་མི་གནས་སྤོ།
2012.08.23
༄༅། །འཛམ་གླིང་ཐོག་ཆུ་ཤུགས་གློག་ཁང་གི་ལས་འདྲ་ཆེ་ཤོས་འབྲི་ཆུ་འགག་གསུམ་ཆུ་རགས་འཛུགས་བསྐྲུན་གྱི་ལས་གཞི་དེ་རྒྱ་ནག་གི་Hubei ཞིང་ཆེན་ནང་ཐོག་མར་འགོ་འཛུགས་བྱས་ནས་ ལོ་ངོ་༡༧སོང་བའི་རྗེས་ཐར་ཉེ་སྔོན་ཕྱི་ཟླ་༧པའི་ནང་མཇུག་སྦྲིལ་ཡོད་པ་རེད་ འབྲི་ཆུ་འགག་གསུམ་ཆུ་རགས་འཛུགས་བསྐྲུན་གྱི་ལས་གཞི་ལག་བསྟར་ཆེད། རྒྱ་ནག་གཞུང་གིས་ Hubei ཞིང་ཆེན་ནས་མི་གྲངས་ས་ཡ་༡དང་འབུམ་གསུམ་ལྷག་ས་གནས་གཞན་དུ་བཙན་བཤད་ཀྱི་གནས་སྤོ་བྱས་ཡོད་པས་མ་ཟད་ རོ་ཨི་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འབྲི་ཆུ་འགག་གསུམ་ཆུ་རགས་ཀྱི་གཡས་གཡོན་དུ་ད་ཆ་ས་རུས་ཀྱི་ཉེན་འཚབ་རྐྱེན་པས་ས་གནས་ཀྱི་ཡུལ་མི་སྟོང་ཚོ་མང་པོ་བཙན་བཤད་ཀྱི་གནས་སྤོ་བྱ་རྒྱུ་ཡིན་པའི་སྐོར་གསལ་འདོན་བྱས་བཞག གོང་གསལ་ཆུ་རགས་འཛུགས་ཀྱི་ལས་གཞི་དེས་རྐྱེན་པས་ Hubei ཞིང་ཆེན་དང་། ལྷག་པར་དུ་ཆུ་རགས་ཆགས་ཡུལ་Huangtupo ཞེས་པའི་ས་གནས་ཀྱི་མང་ཚོགས་ཁྲོད་ སྔར་སྲོལ་སྤྱི་ཚོགས་ཀྱི་གནས་སྟངས་ཐོར་ཤིག་བཏང་བ་དང་ ས་གནས་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་འཚེ་བཟོས་པ་ དེ་བཞིན་འབྲི་ཆུ་ཁ་འགྱུར་བྱས་པའི་དབང་གི་ཆུ་རྒྱུག་ས་གནས་མང་པོར་མཐུང་ཆུའི་བཀའ་ངལ་བཟོ་བཞིན་པ་སོགས་གནད་དོན་ཇེ་མང་ཐོག་ནས་སྐྱོན་བརྗོད་བསྟུད་མར་ཡོད་པ་རེད།