ཁྱོ་ག་མནར་གཅོད་འོག་གྲོངས་རྗེས་ཆུང་མ་རང་ཤི་རྒྱབ་འདུག


2014.08.26
འདན་མ་ལོ་ཕྱུག་ས་ཁུལ། འདན་མ་ལོ་ཕྱུག་ས་ཁུལ།
དྲི་མེད་རaaགཡལ་མཚན།

སྡེ་དགེ་འདན་མར་རྒྱ་ནག་གིས་མནར་གཅོད་བཏང་ནས་སྤྱིན་པ་མཐར་ཕྱིན་གྲོངས་རྗེས་ཁོང་གི་ཆུང་མས་རང་ཤི་རྒྱབ་འདུག
འཆམ་ར་དྲི་མེད་རྒྱལ་མཚན་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདན་མའི་ཛ དྲག་གི་གནས་ཚུལ་རྗེས་འདི་ཟླའི་ཕྱི་ཚེས་༡༨ ཉིན་སྦྱིན་པ་མཐར་ཕྱིན་བཙོན་ཁང་དུ་རྡུང་རྡེག་མནར་གཅོད་འོག་སྐུ་གྲོངས་པ་དང་། ཁོ་བོའི་ཆུང་མ་ཡང་ཉིན་དེར་སྐེ་ལ་ཐག་པ་བརྒྱབ་ནས་རང་ཤི་བརྒྱབ་ཡོད་འདུག་ལ་སྐབས་དེར་ཁོ་མོའི་གྲོད་ཁོག་ཏུ་ཟླ་བདུན་ཙམ་ཕྱིན་པའི་བྱིས་པ་ཡོད་འདུག
འཆམ་ར་དྲི་མེད་རྒྱལ་མཚན་ལགས་ཀྱིས་བརྗོད་དོན། དེ་བཞིན་ཕྱི་ཚེས་༡༢ ཉིན་ལོ་ཕྱུག་ས་ཁུལ་དུ་མང་ཚོགས་ལ་དྲག་གནོན་སྐབས། དམག་མི་དང་ཉེན་རྟོག་པས་མེ་མདའ་རྒྱག་ནོར་ཤོར་ཏེ་མང་ཚོགས་ཁྲོད་ཡོད་པའི་ཉེན་རྟོག་པ་ཞིག་གི་སྐེ་ལ་མེ་མདའ་ཕོག་ཡོད་པ་རྗེས་སུ་འདས་གྲོངས་ཕྱིན་ཡོད་པ་རེད་འདུག དེའི་ཐད་སྲིད་གཞུང་གིས་ས་གནས་ས་ཐོག་ཏུའང་ཧ་ཅང་གི་གསང་བ་དམ་དྲག་བྱེད་ཀྱིན་ཡོད་ཚུལ་འདུག
ད་ལྟ་སྡེ་དཔོན་དབང་གྲགས་ཀྱི་ཨ་སྲུ་ཟླ་བ་ལྷ་མོ། ལོ་ ༦༤ ཅན། སེར་ཤུལ་བཙོན་ཁང་དུ་རྡུང་རྡེག་མནར་གཅོད་བཏང་སྟེ། ཀླད་ཁྲག་འདྲེས་ནས་གཟུགས་པོ་འགུལ་སྐྱོད་གཏོང་རྒྱུ་མེད་པ་དང་། ཁ་གྲགས་རྒྱུ་མེད་པར་གྱུར་ཏེ་ཕྱི་ཚེས་༢༣ ཉིན་དར་མདོའི་སྨན་ཁང་ཏུ་ཛ་དྲག་ངང་ཁྱེར་སོང་པའི་སྐད་ཆ་གོ་རྒྱུ་འདུག འོན་ཀྱང་ཁོ་མོ་དང་ལྷན་དུ་ནང་མི་སོགས་སུའང་ནད་གཡོག་འགྲོ་ཆོག་གིན་མེད་པའི་གནས་ཚུལ་འདུག་ཟེར།
དེ་བཞིན་ད་དུང་ཡང་ཤུག་པ་སྡེ་པ་དམག་མིས་མཐའ་སྐོར་ནས་དྲག་གནོན་བྱས་ཡོད་པ་དང་། སྡེ་དཔོན་གར་ཡོད་མི་ཤེས་པའི་གནས་སྟངས། རྨས་མ་རྣམས་ཛ་དྲག་གི་དཀའ་ངལ་འཕྲད་བཞིན་པ། བརྡ་འཕྲིན་བརྒྱུད་ལམ་ཁག་བཀག་སྡོམ་བྱེད་བཞིན་པ་སོགས་རང་འཇག་རེད་འདུག

ཀླུ་འབུམ

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
མེ་ཊ་ཡིས་ངོ་དེབ་ཀྱི་ནང་དོན་ལ་ཚོད་འཛིན་གྱིས་རྒྱ་ནག་གི་མངོན་འདོད་གྲུབ་བཞིན་ཡོད་པ། མེ་ཊའི་ལས་ཟུར་ཞིག་གིས་ཨ་རིའི་གྲོས་ཚོགས་སུ་རྭ་སྤྲོད་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་གྲོངས་བ་དང་འབྲེལ་ཁོང་གི་པར་རིས་སྤྱི་ཚོགས་དྲ་ལམ་དུ་སྤེལ་སྐོར་ཡུལ་མི་མང་པོར་འདྲི་རྩད་འབོད་འགུག་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎