དོན་གྲུབ་དབང་ཆེན་ལགས་ལ་༢༠༡༩་ལོའི་སྙིང་སྟོབས་གཟེངས་རྟགས་ཕུལ་འདུག


2019.03.27
དོན་གྲུབ་དབང་ཆེན་ལགས་ལ་༢༠༡༩་ལོའི་སྙིང་སྟོབས་གཟེངས་རྟགས་ཕུལ་སྐབས། ༢༠༡༩།༣།༢༦ དོན་གྲུབ་དབང་ཆེན་ལགས་ལ་༢༠༡༩་ལོའི་སྙིང་སྟོབས་གཟེངས་རྟགས་ཕུལ་སྐབས། ༢༠༡༩།༣།༢༦
TFOS

སྐབས་བཅུ་གཅིག་པའི་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལྷན་ཚོགས་སྟེང་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་ལ་༢༠༡༩་ལོའི་སྙིང་སྟོབས་གཟེངས་རྟགས་ཟེར་བ་དེ་ཕུལ་ཡོད་པ་རེད།
དེ་ཡང་ཟླ་༣་པའི་ཚེས་༢༦་ཉིན། སུད་སིའི་ཇེ་ནི་ཝ་གྲོང་ཁྱེར་དུ། སྐབས་༡༡་པའི་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལྷན་ཚོགས་ཀྱིས་གཟེངས་རྟགས་འབུལ་བའི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། མཛད་སྒོའི་སྟེང་༢༠༠༨་ལོར་འཇིགས་བྲལ་ཞེས་པའི་བོད་མིའི་འདོད་བློ་ངོ་མ་མཚོན་པའི་དངོས་བྱུང་གློག་བརྙན་ཕབ་སྐྲུན་མཁན་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས། དཔའ་ངར་ཆེན་པོས་འཛམ་གླིང་གི་རང་དབང་དང་དམངས་གཙོ། ཀུབ་ཁྱབ་འགྲོ་བ་མིའི་ཐོབ་ཐང་བཅས་སྲུང་སྐྱོབ་གནང་བར་ཆེ་བསྟོད་ཀྱི་ཚུལ་དུ་༢༠༡༩་ལོའི་སྙིང་སྟོབས་གཟེངས་རྟགས་ཁོང་ལ་ཕུལ་ཡོད་པ་རེད།
གཟེངས་རྟགས་འབུལ་བའི་མཛད་སྒོའི་ཐོག་དོན་གྲུབ་དབང་ཆེན་ལགས་ཀྱིས། དེ་རིང་ང་ལ་འདི་ལྟ་བུའི་ཆེ་མཐོང་གི་གཟེངས་རྟགས་ཤིག་གནང་བར་ང་དང་ངའི་ལས་རོགས་ཀྱི་ཚབ་བྱས་ཏེ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེ་རིང་གི་ཉིན་མོ་འདི་ནི་འཛམ་གླིང་གི་འགྲོ་བ་མིའི་རང་དབང་དང་ཐོབ་ཐང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཚོ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ལ། རང་དབང་གི་སྡིངས་ཆ་འདི་བརྒྱུད་ནས་རང་གི་ཆེས་ཡ་ང་བའི་མྱངས་ཚུལ་ངོ་སྤྲོད་ཞུ་རྒྱུའི་སྐལ་བ་ལྡན་པར་བཤད་མི་ཤེས་དགའ་སྤོབས་སྐྱེས་སོང་ཞེས་སོགས་གཏམ་བཤད་གནང་འདུག
ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ལྷན་ཚོགས་ནི། ཚོགས་སྡེ་ ༢༥་ཐུན་མོང་གིས་ ༢༠༠༩ ལོར་གསར་དུ་བཙུགས་པའི་གཞུང་འབྲེལ་མ་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཤིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་བཅར་བ་༢༠༠་ཙམ་ལ་མཇལ་ཁ་སྩལ་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎