མདོ་སྨད་ཆོལ་ཁའི་སྐབས་བཅོ་ལྔ་པའི་ཚོཊ་ཆེན་ཐེངས་གསུམ་པ།


2015.06.25
མདོ་སྨད་ཆོལ་ཁའི་དབུས་རྒྱུན་སྐབས་བཅོ་ལྔ་པའི་ཚོགས་ཆེན་ཐེངས་གསུམ་པ མདོ་སྨད་ཆོལ་ཁའི་དབུས་རྒྱུན་སྐབས་བཅོ་ལྔ་པའི་ཚོགས་ཆེན་ཐེངས་གསུམ་པ། ༢༠༡༥།༦།༢༥
འཇིགས་མེད་སྙན་གྲགས།RFA

མདོ་སྨད་པ་ཚོས་ཆིག་སྒྲིལ་བྱེད་དགོས་ཆོལ་ཁ་རེ་རེ་ཆིག་སྒྲིལ་ཡོང་ན་བོད་སྤྱི་ཆིག་སྒྲིལ་ཡོང་ཐུབ་པ་ཚོགས་གཙོས་གསུངས་འདུག
དེ་རིང་ཕྱི་ཚེས་༢༥ཉིན་བཞུགས་སྒར་རྡ་རམ་ས་ལར་མདོ་སྨད་ཆོལ་ཁའི་དབུས་རྒྱུན་སྐབས་བཅོ་ལྔ་པའི་ཚོགས་ཆེན་ཐེངས་གསུམ་པ་འགོ་འཛུགས་གནང་ཡོད་པ་དང་། སྐབས་དེར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། ད་ལྟའི་བར་མདོ་སྨད་ནང་ཁུལ་དུ་རྡོག་སྒྲིལ་པོ་བྱུང་ཡོད་ལ། མ་འོངས་པར་ཡང་རྡོག་སྒྲིལ་པོ་དགོས་པ་རེད། ཆོལ་ཁ་རེ་རེ་ཆིག་སྒྲིལ་ཡོང་ན་བོད་སྤྱི་ཆིག་སྒྲིལ་ཡོང་ཐུབ་པ་རེད་ཅེས་དང་། སྤྱིར་བཏང་ང་རང་ཚོའི་སྤྱི་ཚོགས་དམངས་གཙོའི་སྤྱི་ཚོགས་ཤིག་ཡིན་པ་དང་། བསམ་ཚུལ་མི་འདྲ་ཡོང་གི་རེད་ལ་བསམ་ཚུལ་མི་འདྲ་བ་བཤད་ཆོག་གི་རེད། ཡིན་ནའང་། ལངས་ཕྱོགས་མི་འདྲ་བའི་བསམ་ཚུལ་དེའི་ཐོག་ནས་ཁ་རྒྱ་ནག་ལ་ཕར་ཕྱོགས་དགོས་པ་རེད་མ་གཏོགས་ང་རང་ཚོ་ནང་ཁུལ་ལ་མེ་མདའ་རྒྱག་རེས་བྱས་བསྡད་པ་ཡིན་ན། ཕན་ཐོགས་པ་གཅིག་ཀྱང་ཡོད་པ་མ་རེད། ནུས་པ་ཏོག་ཙམ་ཡོད་པ་དེའང་མེད་པ་ཆགས་འགྲོ་ངེས་རེད་ཅེས་སོགས་གསུངས་པ་དང་།
ཀིརྟི་རིན་པོ་མཆོག་གིས། མདོ་སྨད་པ་ཡོངས་རྫོགས་༧སྐྱབས་མགོན་རྒྱལ་བའི་དབང་པོའི་བཀའ་སློབ་ལམ་སྟོན་འོག་ཤར་སྐྱོད་གནང་གི་ཡོད་ཀྱང་། མདོ་སྨད་པའི་ནང་དུ་སྐྱོན་ཆ་ཆ་ངེ་ཆུང་ངེ་ཡང་ཡོད་པ་རེད། དཔེར་ན། མདོ་སྨད་པའི་ནང་དོལ་རྒྱལ་བསྟེན་མཁན་ཉུང་ཤས་ཤིག་ཡོད་སྟབས། ཚོགས་ཐོག་འདི་ནས་བཀའ་སློབ་ཅིག་གནང་སྟེ་ཉུང་ཤས་ཤིག་ཡོད་པ་དེ་མེད་པ་བཟོ་ཐུབ་ན། ང་ཚོ་ཚང་མ་ཞེ་དྲགས་བདེ་བ་རེད། སྐྱིད་པ་རེད། དེའི་ཕྱིར་ཉུང་ཤས་དེས་ཀྱང་རྦད་དེ་མཚམས་འཇོག་བྱེད་ཐུབ་པ་ཞིག་གི་ཐོག་འབྲེལ་ཡོད་ཚོའི་ངོས་ནས་བཀའ་སློབ་གནང་གི་ཡོད་ཀྱང་། མདོ་སྨད་པའི་ཚོགས་ཆེན་ཐོག་བཀའ་སློབ་རེ་གནང་ཐུབ་ན་ཡག་པོ་མེད་འགྲོ་བསམ་གྱི་འདུག་ཅེས་སོགས་གསུངས་འདུག
ཚོགས་ཐོག་མདོ་སྨད་ས་གནས་རྒྱུན་ལས་ཁག་༢༧ ཡོད་པའི་ནང་ནས་ས་རྒྱུན་༢༥ཙམ་ནས་ཡོང་བའི་ཚོགས་བཅར་བ་དང་། ཟུར་ཉན་པ་བཅས་ཁྱོན་མི་གྲངས་ ༡༠༠ ལྷག་འཛོམས་འདུག

གསར་འགོད་པ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎