འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་སྐོར་བསྐྱོད་ལ་ཨ་རིས་ནང་དགའ་མོས་བྱེད་བཞིན་འདུག


2019.08.21
རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་རིམ། རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་རིམ།
asiasociety.org

བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་དགེ་འདུན་པ་ཁག་ཅིག་གིས་ཨ་མི་རི་ཀའི་(Texas)་མངའ་སྡེའི་ནང་སྐོར་བསྐྱོད་ལ་ཁུལ་དེའི་དམངས་ཚོགས་ནས་དགའ་མོས་བྱས་འདུག
དེང་སྐབས་རྒྱ་གར་ལྷོ་ཕྱོགས་བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་དགེ་འདུན་པ་ཁག་ཅིག ཨ་མི་རི་ཀའི་ནང་ལོ་གཅིག་གི་སྐོར་བསྐྱོད་ཆེད་ཕེབས་བཞིན་པ་དང་། ཕྱི་ཟླ་༨་ཚེས་༡༤་ནས་༡༨་ཀྱི་བར། ཨ་མི་རི་ཀའི་(Texas)་མངའ་སྡེའི་གྲོང་ཁྱེར་(Houston)་གྱི་ཨེ་ཤེ་ཡའི་སྤྱི་ཚོགས་བདེ་རྩ་ཚོགས་པའམ་(Asia Society)་ཞེས་པའི་ནང་། བོད་བརྒྱུད་ནང་ཆོས་དང་འབྲེལ་བའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་གནང་བ་དང་། གཞན་ཡང་ཆོ་ག་ཕྱག་ལེན་གྱི་འགྲེམས་སྟོན་གནང་བར་ཁུལ་དེའི་དམངས་ཚོགས་ནས་དགའ་མོས་ཆེན་པོ་གནང་ཡོད་པ་རེད་འདུག ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྐོར་བསྐྱོད་ཚོགས་ཆུང་གི་མགྲིན་ཚབ་པ་དགེ་བཤེས་བསྟན་འཛིན་ཕན་ཐོགས་ལགས་སུ་བཅར་འདྲི་ཞུས་སྐབས། ཁོང་གིས། ཁོང་ཚོ་ད་བར་ཨ་རིའི་ནང་གི་མངའ་སྡེ་ཉི་ཤུ་ལྷག་གི་ནངག་སྐོར་བསྐྱོད་གནང་ཟིན་པ་དང་། ས་གནས་གང་ལ་ཕེབས་ཀྱང་ས་གནས་མི་དམངས་ཚོས་དོ་སྣང་ཆེན་པོས་མཉམ་ཞུགས་བྱེད་བཞིན་པ་ངོ་སྤྲོད་གནང་བྱུང་།
དེ་ཡང་ཁུལ་དེའི་(Houston Chronicle)་ཞེས་པའི་གསར་ཤོག་གིས་གནས་ཚུལ་སྤེལ་བ་ལྟར་ན། དུས་ཡུན་ཉིན་ལྔའི་རིང་དགེ་འདུན་པ་རྣམ་པས་རྡུལ་ཚོན་གྱི་དཀྱིལ་འཁོར་གསར་བཞེངས་དང་འབྲེལ། ཆོས་འབྲེལ་གྱི་འདོན་རྟ་དབྱངས་བཏང་བ་དང་། ཆོ་གའི་འཆམ་སོགས་འཁྲབ་སྟོན་གནང་བར་མང་ཚོགས་གཟིགས་མོར་ཕེབས་མཁན་མང་པོ་ཞིག་བྱུང་ནས་ཁུལ་དེའི་དམངས་ཚོགས་ནས་དགའ་མོས་ཆེན་པོ་གནང་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་དང་། (Asia Society) ཨེ་ཤེ་ཡའི་མཐུན་ཚོགས་ཀྱི་་སྒྱུ་རྩལ་དང་རིག་གཞུང་འགན་འཛིན་(Stephaine Todd Wong)་ ཞུ་བས་གོང་ཞུས་བརྒྱུད་ལམ་ལ། ཨ་མི་རི་ཀའི་ནང་རྒྱུན་ལྡན་འཚོ་བའི་བྲེལ་འཚུབ་ཆེ་བའི་མི་ཚེའི་ཁྲོད། ནང་ཆོས་ཐོག་ནས་འཇིག་རྟེན་གྱི་ཁམས་དང་དུས་ཚོད་ལ་ལྟ་སྟངས་མི་འདྲ་བ་ཞིག་གི་ཐོག་ལྟ་ཡི་ཡོད་པ་དེར་མང་ཚོགས་རང་དབང་མེད་པར་ཡིད་སྨོན་ཤོར་ཡོང་གི་ཡོད་པ་ལྟ་བུ་ཞིག་འདུག་ཅེས་འགྲེལ་བརྗོད་གནང་འདུག
(Asia Society) ཨེ་ཤེ་ཡའི་མཐུན་ཚོགས་ཞེས་པ་དེ་ནི་ཨ་མི་རི་ཀའི་ནང་ཨེ་ཤེ་ཡའི་རིག་གཞུང་དང་གནད་དོན་ངོ་སྤྲོད་སླད་བཙུགས་པའི་སྒྲིག་འཛུགས་གྲགས་ཅན་ཞིག་ཡིན་པ་དང་། (Houston)་གི་གྲོང་ཁྱེར་ནང་གི་(Asia Society)་ཨེ་ཤེ་ཡའི་མཐུན་ཚོགས་ནི་ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་(George H Bush)་མཆོག་གི་སྐུ་ཟླ་འདས་པོ་དང་སྲིད་འཛིན་ཟུར་པ་(Geroge W Bush)་མཆོག་གི་ཡུམ་(Barabara Bush)་དང་ཁོང་གི་ཕྱག་སྦྲེལ་ཨ་མི་རི་ཀའི་གཞུང་ཚབ་ཟུར་པ་(Roy M Huffington)་གཉིས་ནས་ཕྱི་ལོ་༡༩༧༩་ནང་གསར་འཛུགས་གནང་བ་ཞིག་ཡིན་པ་རེད།
(Asia Society)་ཨེ་ཤེ་ཡའི་མཐུན་ཚོགས་ཞེས་བའི་སྒྱུ་རྩལ་དང་རིག་གཞུང་འགན་འཛིན་(Todd Wong)་གིས་ད་ལྟའི་དུས་སུ་སྤྱི་ཚོགས་ནང་ཕ་རོལ་པོ་ཞེས་གཞན་ལ་ལྟ་ཕྱོགས་མཐོང་ཚུལ་མི་ལེགས་པ་ཞིག་གི་ཚོར་སྣང་སྤེལ་བཞིན་པའི་ཁོར་ཡུག་ཁྲོད། ནང་ཆོས་ཀྱི་ངོས་ནས་བདག་དང་གཞན་གཉིས་ལ་ཁྱད་པར་དམིགས་བསལ་མེད་པའི་ངང་ཚུལ་གྱི་བསམ་པའི་ལྟ་སྟངས་དེ་ངོ་སྤྲོད་བྱེད་དགོས་པ་གནད་འགག་ཆེན་པོ་ཞིག་མཐོང་སྟེ་། ད་རེས་བོད་པའི་དགེ་འདུན་པའི་འགྲེམ་སྟོན་དེ་གོ་བསྒྲིགས་ཞུས་པ་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་སྲིད་འཛིན་ ༤༧ པ་ཌོ་ནལཌི་ཊམཔ་མཆོག་གིས་གཞུང་འཛིན་གྱི་འགན་འཁུར་བཞེས་པའི་སྐབས་འདིར། ཨ་མི་རི་ཀས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མང་གིས་ཐུགས་རེ་གནང་བཞིན་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་བཞི་ལ་དབྱིན་ཇིའི་རྒྱལ་པོ་Charles III ཡི་ཁྲི་འདོན་གྱི་རྟགས་མ་དང་ཕྱག་ཁྱེར་ཐོབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎