འབྲུག་སྒྲ་དང་དགེ་འཕེལ་གཉིས་ཏིག་ཡཱང་བཙོན་ཁང་དུ་བསྐྱལ་འདུག


2017.01.05
རྒྱ་ནག་གཞུང་གིས་ཁྲིམས་ཐག་བཅད་པའི་བོད་མི་ཚོའི་འདྲ་པར། རྒྱ་ནག་གཞུང་གིས་ཁྲིམས་ཐག་བཅད་པའི་བོད་མི་ཚོའི་འདྲ་པར།
ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་དང་བོད་འབྱོར།

ཉེ་ཆར་ཁྲིམས་ཐག་བཅད་པའི་གྲྭ་འབྲུག་སྒྲ་དང་དགེ་འཕེལ་གཉིས་ཟི་ཁྲོན་ཏིག་ཡཱང་བཙོན་ཁང་དུ་བསྐྱལ་ཡོད་པ་དང་། ནང་མིར་ཐུག་འཕྲད་ཐེངས་གཅིག་ཀྱང་བྱེད་བཅུག་མེད་པ་མ་ཟད། ཐེངས་ཁ་ཤས་ཁྱིམ་མི་ཚོས་སྒོར་མོ་སྤྲད་པ་དེ་ཚོ་ཁོང་གི་ལག་ཏུ་འཕྲོད་མི་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་གནས་ཚུལ་བཏང་བ་ལྟར་ན། ཉེ་ཆར་རྒྱ་ནག་གིས་རྔ་བ་ཕྱོགས་ཀྱི་བོད་མི་བཅུ་ཙམ་ལ་ཁྲིམས་ཐག་བཅད་པའི་ཁོངས་ནས་རྔ་བ་ཀི་རྟི་དགོན་པའི་དགེ་འདུན་པ་འབྲུག་སྒྲ་ལགས་ཟི་ཁྲོན་ཏིག་ཡཱང་བཙོན་ཁང་དུ་བསྐྱལ་ཡོད་པ་དང་ཁོང་གི་ནད་གཞི་ཇེ་སྡུག་དུ་སོང་ཡོད་འདུག
དེ་བཞིན་རྔ་པ་ཀིརྟི་དགོན་པའི་གྲྭ་དགེ་འཕེལ་ལགས་ཀྱང་ཟི་ཁྲོན་ཏིག་ཡཱང་བཙོན་ཁང་དུ་བསྐྱལ་ཡོད་པ་དང་། ཁོང་གི་ཁྱིམ་མི་རྣམས་ཀྱིས་སྔ་ཕྱིར་ཐེངས་ཁ་ཤས་ཁོང་ལ་ལག་དངུལ་བསྐུར་ཡོད་ཀྱང་། གྲྭ་དགེ་འཕེལ་ལགས་ཀྱི་ལག་ཏུ་དངུལ་སྐར་མ་གཅིག་ཀྱང་འཕྲོད་མེད་པ་མ་ཟད། ད་དུང་རྒྱ་སྐད་རྒྱབ་མཁན་མི་སུ་ཡིན་གསལ་ཁ་མེད་མཁན་ཞིག་གིས་ཁྱིམ་ནང་དུ་ཡང་བསྐྱར་ཁ་པར་འབྱོར་ཏེ་དངུལ་བསྐུར་སའི་ཨང་གྲངས་སོགས་བཤད་ནས་གྲྭ་དགེ་འཕེལ་ལགས་ཀྱི་དངུལ་རྫོགས་འདུག་པས་དངུལ་སྐྱེལ་དགོས་ལུགས་བརྗོད་འདུག
རྒྱ་གཞུང་གི་འབྲེལ་ཡོད་ལས་བྱེད་ཀྱིས་ཁྱིམ་ཐོ་ནང་ཡོད་པའི་མི་རྣམས་དགེ་འཕེལ་ལགས་ཐུག་འཕྲད་ཆེད་དུ་ཡོང་ན་འགྲིག་རྒྱུ་ཡིན་ཁུལ་བརྗོད་ཡོད་ནའང་ད་བར་དུ་མི་སུ་གཅིག་ཁོང་དང་ཐེངས་གཅིག་ཀྱང་དངོས་སུ་ཐུག་འཕྲད་བྱེད་བཅུག་མི་འདུག
གྲྭ་དགེ་འཕེལ་ལགས་ནི་ཉེ་ཆར་༢༠༡༦་ལོའི་ཟླ་༡༢་ཚེས་༦་ཉིན་རྔ་བ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་འབྲིང་རིམ་མི་མང་ཁྲིམས་ཁང་གིས་རྔ་བ་ཕྱོགས་ཀྱི་བོད་མི་ཁག་ཅིག་དང་མཉམ་དུ་བོད་དོན་ཆབ་སྲིད་ཀྱི་གནད་དོན་ཡོད་པའི་ཉེས་མིང་འོག་དུས་བཀག་འདྲ་མིན་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་ཁྲོད་ཁོང་ལ་མི་ལོ་༡༢་རིང་གི་ཁྲིམས་ཐག་བཅད་ཡོད་པ་རེད།
རྔ་བ་ཀིརྟི་དགོན་པའི་གྲྭ་འབྲུག་སྒྲ། རང་ལོ་༥༠ ཡིན་པ་ཁོང་ལ་ལོ་༡༤་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག དེ་མིན་ཕྱི་ལོ་༢༠༠༨ ལོར་ཁོང་འཛིན་བཟུང་གིས་ལོ་༡ དང་ཟླ་བ་༤ ལ་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་པ་དང། ཁོང་གི་ཕ་ཡུལ་རྔ་བ་རྫོང་སོ་རུ་མ་ནས་ཡིན།
དོན་དངོས་སུ་བོད་མི་དེ་ཚོས་༢༠༡༥ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་བརྒྱད་བཅུ་ཐམ་པར་ཕེབས་པའི་སྐལ་བཟང་དུས་སྐབས་སུ་བོད་མི་ཚང་མས་རྣམ་པའི་འདྲ་མིན་གྱི་སྒོ་ནས་སྲུང་བརྩི་ཞུས་པའི་སྐབས་ཁོང་ཚོས་ཀྱང་གྱ་སྟོན་གྱི་རྟེན་འབྲེལ་མཚོན་ཆེད་སྤྲོ་སྐྱིད་བཏང་བའི་རྐྱེན་གྱིས་འཛིན་བཟུང་བྱས་བ་ཞིག་རེད་འདུག།   

གསར་འགོད་པ་གུ་རུ་ཆོས་སྐྱིད་དང་། རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎