བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གང་མགྱོགས་རྩིས་སྤྲོད་གནང་རྒྱུ།


2017.05.05
ཤེས་རིག་བཀའ་བློན་མཆོག་རྒྱ་གར་དབུས་གཞུང་གི་སློབ་གྲྭའི་ཤེས་ཡོན་ཚན་པའི་དྲུང་ཆེ་དང་མཇལ་འཕྲད་གནང་སྐབས། ༢༠༡༧།༥།༣ ཤེས་རིག་བཀའ་བློན་མཆོག་རྒྱ་གར་དབུས་གཞུང་གི་སློབ་གྲྭའི་ཤེས་ཡོན་ཚན་པའི་དྲུང་ཆེ་དང་མཇལ་འཕྲད་གནང་སྐབས། ༢༠༡༧།༥།༣
tibet.net

རྒྱ་གར་གཞུང་གི་འཛིན་སྐྱོང་འོག་ཡོད་པའི་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁོངས་སུ་ལྷག་བསྡད་པའི་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གང་མགྱོགས་སཾ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་གནང་རྒྱུའི་ཁས་ལེན་གནང་ཡོད་འདུག   
དེ་ཡང་སྤྱི་ཟླ་ ༥ ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཁག་གཅིག་བཅས་ཀྱིས་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་ལྷག་བསྡད་པའི་སློབ་གྲྭ་ཁག་ ༡༤ དེ་དག་སཾ་བྷོ་ཊ་བོད་སློབ་ཚོགས་པས་རྩིས་ལེན་རྒྱུའི་སྐོར་གོ་བསྡུར་གནང་སླད། རྒྱ་གར་དབུས་གཞུང་གི་མིའི་ནུས་ཤུགས་ཡར་རྒྱས་ལྷན་ཁང་གི་སློབ་གྲྭའི་ཤེས་ཡོན་ཚན་པའི་དྲུང་ཆེ་སྐུ་ཞབས་ཨ་ནིལ་སྭ་རུབ་ Shri. Anil Swarup མཆོག་དང་།  བོད་སློབ་འཛིན་ཚོགས་ཀྱི་ཚོགས་གཙོ་སན་ཇེ་ཀུ་མཱར་ Sanjay Kumar ལགས་རྣམ་གཉིས་དང་མཇལ་འཕྲད་ཞུས་ཏེ། ཉེ་ལམ་བསྐྱར་ཞིབ་ཚོགས་ཆུང་རྣམས་དབུས་བོད་སློབ་འཛིན་ཚོགས་ནས་རྩིས་སྤྲོད་བྱུང་བའི་སློབ་གྲྭ་ཁག་ཏུ་འཚམས་གཟིགས་ཕེབས་པའི་སྙན་ཐོ་སྙན་སེང་དང་། ལྷག་བསྡད་སློབ་གྲྭ་ཁག་ ༡༤ དེ་དག་རྩིས་སྤྲོད་གནང་རྒྱུའི་ཐད་ཐོག་གོ་བསྡུར་གནང་ཡོད་འདུག སྐབས་དེར་སྐུ་ཞབས་ཨ་ནིལ་སྭ་རུབ་མཆོག་གིས་ལྷག་བསྡད་སློབ་གྲྭ་ཁག་ ༡༤ དེ་དག་གང་མགྱོགས་རྩིས་སྤྲོད་གནང་རྒྱུའི་ཁས་ལེན་གནང་ཡོད་འདུག   
ཕྱི་ལོ་ ༢༠༡༣ ལོར་རྒྱ་གར་དབུས་གཞུང་གིས་དབུས་བོད་སློབ་འཛིན་ཚོགས་ནས་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་སཾ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་གནང་རྒྱུའི་ཐག་གཅོད་གནང་བ་ནས། ད་བར་སྔོན་འགྲོའི་སློབ་གྲྭ་སྡེ་ཚན་ ༣༣ དང་། དམའ་རིམ་སློབ་གྲྭ་དགུ།  འབྲིང་རིམ་སློབ་གྲྭ་ལྔ་བཅས་རྩིས་སྤྲོད་གནང་ཟིན་པ་དང་། ཡང་ ༢༠༡༧ ལོར་དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༨༢ སྐབས་གོ་བསྡུར་ཐག་གཅོད་བྱུང་དོན་བཞིན་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཡོངས་རྫོགས་རྩིས་སྤྲོད་མ་གནང་གོང་། ད་བར་རྩིས་སྤྲོད་ཟིན་པའི་སློབ་གྲྭ་ཁག་གི་གནས་སྟངས་བསྐྱར་ཞིབ་གནང་རྒྱུའི་ཐག་གཅོད་ཡང་བྱུང་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་རྒྱ་གར་དབུས་གཞུང་གི་བོད་སློབ་འཛིན་ཚོགས་ཟུང་འབྲེལ་ཐོག་བསྐྱར་ཞིབ་ཚོགས་ཆུང་ཞིག་གསར་འཛུགས་གནང་སྟེ། ད་བར་སྦེལ་ཀོབ་དང་། ཀོ་ལི་གྷལ། ཨོ་ལྡི་ཤ མོན་གྷོ་གཏན་སློབ་བཅས་སུ་ཆེད་ཕེབས་ཀྱིས་བསྐྱར་ཞིབ་གནང་ཡོད་པ་རེད།

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཡིས་དིང་རི་སླར་གསོ་བསྐྱར་སྐྲུན་དང་མཉམ་མཐའ་མཚམས་བརྟན་ལྷིང་གླེང་བར་གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་གནོད་ཐེབས་ས་ཁུལ་གྱི་བསྐྱར་གསོའི་ལས་དོན་ཆབ་སྲིད་ལ་སྦྱར་བར་སྐྱོན་བརྗོད་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎