གྲྭ་ཤག་གཏོར་ནས་བཙུན་མ་མང་པོ་ཕྱིར་འབུད་བྱས་འདུག

2014-12-10
གློག་འཕྲིན།
མཆན།
Share
པར་བཀོད།
འཕན་པོ་ཕྱོགས་ཀྱི་ས་ཁྲ
འཕན་པོ་ཕྱོགས་ཀྱི་ས་ཁྲ
Photo: RFA

རྒྱ་ནག་གིས་ཕན་པོ་ཤར་བུམ་པ་བཙུན་མ་དགོན་པའི་བཙུན་མ་ཁག་གཅིག་དགོན་པ་ནས་ཕྱིར་འབུད་དང་ཁོང་རྣམས་ཀྱི་གྲྭ་ཤག་གཏོར་ཡོད་འདུག
དེ་ཡང་འདི་གའི་རླུང་འཕྲིན་ལས་ཁང་ལ་གནས་ཚུལ་འབྱོར་བར་གཞིགས་ན། ལྷ་ས་གྲོང་ཁྱེར་ཁོངས་སུ་ཡོད་པའི་འཕན་པོ་ལྷུན་གྲུབ་རྫོང་གི་ཤར་བུམ་པ་བཙུན་མ་དགོན་པར་གཞུང་ཕྱོགས་ནས་མི་སྣ་མངགས་གཏོང་བྱས་ནས་བཙུན་མ་རྣམས་ཀྱི་གྲྭ་ཤག་གཏོར་བ་དང་། དགོན་པའི་ནང་ཁྱོན་བཙུན་མ་གྲངས་༡༡༨ཡོད་པའི་ཁོངས་ནས་ནད་པ་དང་རྒན་གྲས་༡༡མ་གཏོགས་དེ་མིན་བཙུན་མ་ཡོངས་རྫོགས་དགོན་པ་ནས་ཕྱིར་འབུད་བཏང་ཡོད་འདུག འདི་ལོའི་ཕྱི་ཟླ་༨ པའི་ཚེས་༡༢ ཉིན་འཁོད་པའི་འཕན་པོ་ཤར་བུམ་པ་དགོན་པའི་བཙུན་མ་རྣམས་ཀྱིས་ང་ཚོ་སྐྱོབ་རོགས་ཞེས་འགོ་བརྗོད་དུ་འཁོད་པའི་ཡི་གེ་ཞིག་བཀོད་སྤེལ་གནང་བའི་ནང་། ང་ཚོ་རང་ཉིད་ཀྱིས་རྒྱབ་པའི་གྲྭ་ཤག་ནང་གནས་སྡོད་བྱེད་བཞིན་པའི་སྐབས་བྱང་དགའ་ཤང་ནས་ལས་བྱེད་ཁག་གཅིག་སླེབས་ཏེ་ང་ཚོ་ལམ་སེང་སྤོ་དགོས་པའི་བཙན་བཀའ་བཏང་བྱུང་། སྐབས་དེར་ང་ཚོས་ས་ལ་པུས་མོ་བཙུགས་ཏེ་ཞུ་བ་འཐེན་ཡང་རིམ་པ་གོང་མའི་བཀའ་ཡིན་ཞེས་བརྗོད་ནས་ཉན་འཇོག་བྱས་མ་སོང་། དེ་རྗེས་ཕྱི་ཟླ་༨པའི་ཚེས་༣ ཉིན་ཁོང་ཚོས་ས་ཕུད་འཕྲུལ་འཁོར་བཏང་ནས་ང་ཚོའི་གྲ་ཤག་ཡོངས་རྫོགས་གཏོར་སོང་ཞེས་ཡི་གེ་དེའི་ནང་བཀོད་ཡོད་འདུག ཡང་བཙུན་མ་རྣམས་ཀྱི་ཡི་གེ་དེའི་ནང་སྐབས་དེར་བཙུན་མ་འགའ་ཤས་དྲན་མེད་དུ་གྱེལ་བ་དང་། འགའ་ཤས་གར་སོང་ཆ་མེད་དུ་གྱུར་བར་བརྟེན་ད་ཆ་ང་ཚོ་ནང་ལ་ཕྱིར་ལོག་བྱེད་ས་མེད་པར་བརྟེན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་འཛུགས་ནས་མི་སྣ་མངགས་གཏོང་གིས་བརྟག་དཔྱད་དང་རྒྱུས་མངའ་ཡོང་བ་ཞུ་རྒྱུ་མ་ཟད། ང་ཚོ་སྐྱོབ་རོགས་ཞེས་ཡི་གེ་དེའི་ནང་བཀོད་འདུག

གསར་འགོད་པ་སྒྲོལ་དཀར་དང་ལྷུན་གྲུབ་ཚེ་རིང་།

མཆན། (1)
Share

བསམ་པ་ལྟུན་གྲུབ

ནས། ཀ་ཐ་མན་ཏུ

འཕན་པོའི་གནས་ཚུལ་ཞིག་གཞི་ནས་ཐོན་པར་དགའ་ཚོར་ཆེ།
༢༠༠༨ལོའི་འཕན་པོའི་ཞི་རྒོལ་གྱི་གནས་ཚུལ་ལ་གསར་འགོད་པ་མང་པོས་རྒྱུས་ལོ་ཞིབ་ཕྲ་གནང་ཐུབ་མེད་པར་བློ་ཕན་ཡོད།

May 04, 2015 03:26 AM

དྲ་གནས་ཆ་ཚང༌།