སྲིད་སྐྱོང་མཆོག་གིས་ཡོ་རོབ་མཉམ་སྦྲེལ་གྱི་སྐུ་ཚབ་འཚམས་འདྲི།

2014-10-30
གློག་འཕྲིན།
མཆན།
Share
པར་བཀོད།
ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་ཕྱི་སྲིད་ལས་དོན་དང་བདེ་འཇགས་སྲིད་ཇུས་ཁང་གི་སྐུ་ཚབ་གསར་པ་ལྕམ་Federica Mogherini
ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་ཕྱི་སྲིད་ལས་དོན་དང་བདེ་འཇགས་སྲིད་ཇུས་ཁང་གི་སྐུ་ཚབ་གསར་པ་ལྕམ་Federica Mogherini
AFP

སྲིད་སྐྱོང་མཆོག་གིས་བོད་རྒྱ་ཞི་མོལ་གྱི་ཐབས་ལམ་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཡོང་བའི་འབོད་སྐུལ་གནང་རྒྱུའི་རེ་སྐུལ་བྱས་འདུག
དེ་རིང་ཕྱི་ཟླ་བཅུ་པའི་ཚེས་༣༠ རེས་གཟའ་ཕུར་བུའི་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་ཕྱི་སྲིད་ལས་དོན་དང་བདེ་འཇགས་སྲིད་ཇུས་ཁང་གི་སྐུ་ཚབ་གསར་པར་ལྕམ་Federica Mogherini བསྐོ་བཞག་བྱུང་བ་མ་ཟད། ཁོང་གིས་ཕྱི་ཟླ་བཅུ་གཅིག་པའི་ཚེས་༡ནས་དངོས་སུ་སྐུ་ཚབ་ཀྱི་མཛད་འགན་གསར་པ་བཞེས་རྒྱུ་ཡིན་པར་བརྟེན་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལྕམ་Federiaམཆོག་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་ཕྱི་སྲིད་ལས་དོན་དང་བདེ་འཇགས་སྲིད་ཇུས་ལས་ཁང་གི་སྐུ་ཚབ་ཏུ་བསྐོ་བཞག་གནང་བར་སྙིང་ཐག་པ་ནས་དགའ་བསུ་དང་བཀྲིས་བདེ་ལེགས་ཀྱི་འཚམས་ཞུ་ཡིན་ལ་ཁོང་གིས་ཕྱག་ལས་འགན་འཁུར་བཞེས་པའི་རིང་ལ་བོད་ཀྱི་གནད་དོན་ཐོག་ལ་མུ་མཐུད་ནས་དོ་སྣང་གནང་རྒྱུ་དང་ལྷག་པར་དུ་རྒྱ་ནག་གཞུང་གི་དཔོན་རིགས་ལ། བོད་རྒྱ་ཞི་མོལ་གྱི་ཐབས་ལམ་ཐོག་ནས་བོད་རྒྱའི་དཀའ་རྙོགས་སེལ་ཐབས་ཡོང་བའི་འབོད་སྐུལ་གནང་བའི་རེ་བ་དང་ཡིད་ཆེས་ཞུ་གི་ཡོད་ཅེས་གསུངས་ཡོད་པ་རེད།
དེ་སྔ་༢༠༡༢ ལོར་སྲིད་སྐྱོང་མཆོག་དང་ལྕམ་Federica Mogheriniརྣམ་གཉིས་ལྕམ་ཁོང་གི་ཆབ་སྲིད་ཚོགས་པའི་ལས་ཁུངས་ནང་མཇལ་འཛོམས་བྱུང་བའི་སྐབས། ཁོང་གིས་རྒྱ་ནག་དང་གྲོས་མོལ་བྱས་ཏེ་བོད་རྒྱའི་དཀའ་རྙོགས་སེལ་ཐབས་ཀྱི་ཐབས་ལམ་ལ་རྒྱབ་སྐྱོར་ཡོད་པ་དང། བོད་ནང་དུ་རང་ལུས་མེ་བསྲེག་གཏོང་བའི་ཛ་དྲག་གནས་སྟངས་ལ་བློ་འཚབ་ཡོད་པའི་སྐོར་གསལ་སྟོན་གནང་མྱོང་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།