ཐའེ་ལྦན་སྲིད་གཞོན་ཟུར་པས་༸གོང་ས་མཆོག་དང་མཇལ་འཕྲད།

ཐའེ་ལྦན་གྱི་སྲིད་འཛིན་གཞོན་པ་ཟུར་པ་ལྕམ་ལུའུ་ཤུའུ་ལན་གྱིས་རྒྱ་གར་རྒྱལ་ས་ལྡི་ལིར་༧གོང་ས་མཆོག་དང་མཇལ་འཛོམས་ཞུས་འདུག

2012.01.28

༄༅༎ཐའེ་ལྦན་གྱི་སྲིད་འཛིན་གཞོན་པ་ཟུར་པ་ལྕམ་ལུའུ་ཤུའུ་ལན་གྱིས་ཁ་ས་གཟའ་པ་སངས་ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་༧གོང་ས་སྐྱབས་མགོན་ཏ་ལའི་བླ་མ་མཆོག་དང་མཇལ་འཛོམས་ཞུས་འདུག ཐའེ་ལྦན་གྱི་དབུས་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན།  ཐའེ་ལྦན་གྱི་སྲིད་འཛིན་གཞོན་པ་ཟུར་པ་ལྕམ་ལུའུ་ཤུད་ལན་གྱིས་དུས་ཡུན་སྐར་མ་དགུ་བཅུའི་རིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཛོམས་བཀའ་མོལ་ཞུས་པའི་ནང་། ཉེ་དུས་ཐའེ་ལྦན་གྱི་སྲིད་འཛིན་འོས་འདེམས་ནང་དམངས་གཙོ་ཡར་ཐོན་ཚོགས་པར་འོས་གྲངས་འབུམ་བརྒྱད་ཀྱི་ཧེ་བག་ཐོག་ནས་འགྲན་རྩོད་ཕམ་ཉེས་བྱུང་ཡོད་ནའང་། ཕྱི་ལོ་༢༠༠༨་ལོའི་སྐབས་དང་བསྡུར་བ་ཡིན་ན་དམངས་གཙོ་ཡར་ཐོན་ཚོགས་པར་འོས་གྲངས་འབུམ་ཉི་ཤུ་་ཙམ་འཕར་སྣོན་བྱུང་བ་དེས་བར་ཁྱད་ཆུང་རུ་ཕྱིན་ཡོད་པ་དེའི་ཐོག་ནས་སྲིད་སྟེགས་སྟོབས་ཤུགས་ཁག་གཉིས་དོ་མཉམ་རུ་འགྲོ་བ་དེ་མངོན་ཐུབ་ཀྱི་ཡོད་ཅེས་༧གོང་ས་མཆོག་ལ་གླེང་མོལ་ཞུས་ཡོད་པ་དང་། ༧གོང་ས་མཆོག་གིས་ན་ནིང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པའི་འོས་མི་མི་གསུམ་ནང་ནས་དམངས་ཀྱིས་ཐད་ཀར་བཀའ་བློན་ཁྲི་པ་ཞིག་བདམས་ཐོན་བྱུང་བར་བོད་མིས་དམངས་གཙོའི་ལག་བསྟར་བྱུང་བ་དེས་གང་ཉིད་བགྲེས་ཡོལ་གྱིས་ཐུགས་བློ་བདེ་པོ་འདུག་ཅེས་བཀའ་བསྩལ་འདུག གསར་ལས་ཁང་གིས་མུ་མཐུད་བཀོད་གསལ་ལ། ན་ནིང་༧གོང་ས་ཏ་ལའི་བླ་མ་མཆོག་གིས་གཞུང་འཛིན་དབང་ཆ་འོས་འདེམས་བྱུང་བའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་གནང་ཡོད་པ་ཡིན་ནའང་༧གོང་ས་ཏ་ལའི་བླ་མ་མཆོག་ནི་སྔར་བཞིན་བོད་མིའི་མཐུན་སྒྲིལ་གྱི་མཚོན་རྟགས་དེ་ཡིན་པ་རེད་ གཞན་ཡང་ལྕམ་ལུའུ་ཤུད་ལན་གྱིས་ལྗང་གུའི་༢༡་ཐའེ་ལྦན་མནའ་འབྲེལ་ཞེས་པ་གྲ་སྒྲིག་འཛུགས་འཆར་ལ་དུས་སྐབས་སྨིན་མཚམས་༧གོང་ས་ཏ་ལའི་བླ་མ་མཆོག་སླར་ཡང་ཐའེ་ལྦན་ལ་གདན་ཞུ་འབུལ་རྒྱུ་ཡིན་ལུགས་ཀྱང་བཀའ་མོལ་ཞུས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎