རྒྱ་ནག་གིས་མི་གྲངས་ཁྲི་ཚོ་བརྒལ་བའི་མཚན་རྟཊ་ལ་ཁ་ཡ་བྱས་མེད་པ།


2015.09.14
Share on WhatsApp
Share on WhatsApp
བོད་རང་བཙན་ལས་འགུལ་ཚོགས་པས་མི་གྲངས་ཁྲི་ཚོ་བརྒལ་བའི་སྙན་ཞུ་རྒྱ་ནག་གི་གཞུང་ཚབ་ཁང་ལ་སྤྲོད་ཐབས་བྱས་སྐབས། ༢༠༡༥།༩།༡༡ བོད་རང་བཙན་ལས་འགུལ་ཚོགས་པས་མི་གྲངས་ཁྲི་ཚོ་བརྒལ་བའི་སྙན་ཞུ་རྒྱ་ནག་གི་གཞུང་ཚབ་ཁང་ལ་སྤྲོད་ཐབས་བྱས་སྐབས། ༢༠༡༥།༩།༡༡
FT

བོད་རང་བཙན་ལས་འགུལ་ཚོགས་པས་མི་གྲངས་ཁྲི་ཚོ་བརྒལ་བའི་སྙན་ཞུ་རྒྱ་ནག་གི་གཞུང་ཚབ་ཁང་དུ་འབུལ་ཐབས་གནང་ཀྱང་ཁ་ཡ་བྱས་མི་འདུག
དེ་ཡང་འདི་ཚེས་༡༡ཉིན་དབྱིན་ཡུལ་ནང་གི་བོད་རང་བཙན་ལས་འགུལ་Free Tibetཞེས་པས། བར་ལམ་ནས་བོད་ཀྱི་རོལ་དབྱངས་གླུ་གཞས་པ་སོགས་སྒྱུ་རྩལ་བ་མང་དག་ཅིག་རྒྱ་མིས་བཙོན་འཇུག་བྱས་པ་དེ་དག་འཕྲལ་དུ་གློད་འགྲོལ་དགོས་པའི་སྙན་ཞུར་རང་དབང་དོན་གཉེར་བ་མི་གྲངས་ཆིག་ཁྲི་ཆིག་སྟོང་བརྒྱད་བརྒྱ་བཞི་བཅུ་ཞེ་བཞིས་༡༡༨༤༤རྒྱབ་སྐྱོར་མཚན་རྟགས་བཀོད་པ་དེ་ལོན་ཊོན་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་ཁང་དུ་འབུལ་ཐབས་གནང་ཡང་ཁ་ཡ་བྱས་མེད་པ་དང་། ཕལ་ཆེར་སྒོ་རྒྱབ་གྱི་ལས་བྱེད་པ་ཚོས་སྙན་ཞུའི་ནང་དོན་གོ་རྟོགས་མེད་པའི་རྣམ་རྟོག་ཡོད་ལུགས་འགྲེལ་བརྗོད་བྱས་འདུག དེ་འདྲར་སོང་ད་ཆ་སྙན་ཞུ་དེ་པེ་ཅིང་ལ་སྦྲགས་ཐོག་གཏོང་རྒྱུ་ཡིན་འདུག
རྒྱ་ནག་གི་ཁྲིམས་དོན་བློན་ཆེན་Wu Aiyingགི་མཚན་ཐོག་ཕུལ་བའི་སྙན་ཞུའི་ནང༌། བཙོན་འཇུག་བྱས་པའི་བོད་ཀྱི་རོལ་དབྱངས་གླུ་གཞས་སྒྱུ་རྩལ་བ་རྣམས་གློད་འགྲོལ་དགོས་པ་དང་། བོད་མི་ཚོར་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་རྒྱུའི་རང་དབང་དགོས་ལུགས་འཁོད་ཡོད་འདུག
ཕྱི་ལོ་༢༠༡༣ལོར་འགོ་འཛུགས་གནང་བའི་ལས་འགུལ་དེར་རོལ་དབྱངས་པ་གྲགས་ཅན་Peter Gabrialདང་། Radio Headཞེས་པའི་རོལ་དབྱངས་ཚོགས་པའི་ཚོགས་པའི་ཚོགས་མི་ཚོས་སྣེ་ཁྲིད་གནང་ཡོད་འདུག
བོད་རང་བཙན་ལས་འགུལ་གྱིས་ཕྱི་ལོ་༢༠༡༤ལོར་རྒྱལ་ཚོགས་ཀྱི་རིག་གཞུང་ཚན་པར་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་ཞུ་གཏུག་གནང་རྗེས་རྒྱ་ནག་གཞུང་དང་འབྲེལ་བ་གནང་སྐབས་རྒྱ་ནག་གིས་རོལ་དབྱངས་གླུ་གཞས་གཏོང་མཁན་དེ་དག་ཁ་བྲལ་རིང་ལུགས་པ་ཡིན་ལུགས་བརྗོད་དེ་ཁ་ཡ་བྱས་མེད་པ་རེད།  

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རང་བཙན་རྩོད་ཀྱི་མེད་པ་ནན་བརྗོད་གནང་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎