བློ་བཟང་འཇམ་དབྱངས་ལ་རྒྱ་ནག་ཉེན་རྟོག་པས་བཅར་རྡུང།

རང་ལུས་མེ་བསྲེག་བཏང་མཁན་བློ་བཟང་འཇམ་དབྱངས་ལགས་ཀྱི་ལུས་ཐོག་ཏུ་མེ་འབར་སྐབས་ཉེན་རྟོག་པས་བཅར་རྡུང་དྲག་པོ་བཏང་བའི་སྐོར།

2012.01.20

༄༅༎རེས་གཟའ་སྤེན་པའི་ཉིན་བོད་ཀྱི་རྔ་པ་ཁུལ་དུ་རང་ལུས་མེ་བསྲེག་བཏང་མཁན་བློ་ བཟང་འཇམ་དབྱངས་ལགས་ཀྱི་ལུས་ཐོག་ཏུ་མེ་འབར་བའི་སྐབས་རྒྱ་མིའི་ཉེན་རྟོག་པས་ མེ་གསོད་རྒྱུའི་ཚབ་ཏུ་ལྕགས་གཟེར་ཅན་གྱི་གོ་མཆོན་བེད་སྤྱོད་བཏང་སྟེ་བཅར་ རྡུང་དྲག་པོ་བཏང་བའི་སྐོར་བཙན་བྱོལ་ནང་དུ་གནས་ཚུལ་ཐོན་པ་ནས་དེ་རིང་ཕེ་རན་ སི་གསར་འགྱུར་ལས་ཁང་གིས་ལུང་འདྲེན་བྱས་ཡོད་པ་རེད། དེ་ཡང་བློ་བཟང་འཇམ་དབྱངས་ལགས་ཀྱིས་ཟླ་བ་འདིའི་ཕྱི་ཚེས་༡༤ རེས་གཟའ་སྤེན་པའི་ཉིན་ཟི་ཁྲོན་ཞིང་ཆེན་གྱི་རྔ་པ་རྫོང་གི་ཐོག་ཏུ་རང་ལུས་མེ་ བསྲེག་བཏང་བ་དེ་ནི། རྒྱ་ནག་གཞུང་གིས་ད་བར་བོད་མིའི་ཐོག་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱེད་པ་ དེར་འུ་ཐུག་ཐབས་ཟད་ཀྱིས་ངོ་རྒོལ་གྱི་ཆེད་དུ་ལོ་གཅིག་ཙམ་དེའི་ནང་རང་ལུས་མེ་ བསྲེག་བཏང་མཁན་བོད་མི་བཅུ་དྲུག་བྱུང་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་གིས་ གསུང་པ་ནས་ལུང་འདྲེན་གནང་བཞག འདི་ག་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་ འགུལ་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ། རང་ལུས་མེ་བསྲེག་བཏང་མཁན་བློ་བཟང་འཇམ་དབྱངས་ལགས་ནི། དགུང་ལོ་༢༢ དང༌། ཆུང་དུས་ཨ་འདུས་དགོན་པའི་སྒྲིག་ལ་ཞུགས་མྱོང་བ་ཞིག་ཡིན་ཞིང༌། ཁོང་གིས་རེས་གཟའ་སྤེན་པའི་ཉིན་རང་ལུས་ལ་ས་སྣུམ་བླུགས་ཏེ་མེ་སྤར་བའི་རྗེས། རྔ་པའི་རྫོང་གི་ཁྲོམ་གཞུང་དང་ཐོན་ཏེ་བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པ་ཤོག་ཅེས་འབོད་ཚིག་སྒྲོག་བཞིན་གོམ་བགྲོས་ བྱས་པའི་རྗེས། རྒྱ་མིའི་ཉེན་རྟོག་པ་དང་དམག་མིས་ཁོང་གི་ལུས་ཐོག་གི་མེ་བསད་དེ་ཉེན་སྐྱོབ་བྱ་ རྒྱུའི་ཚབ་ཏུ་རྡོག་རྫིས་བཏང་བ་མ་ཟད་ལྕགས་གཟེར་་ཅན་གྱི་ལག་ཆ་བེད་སྤྱོད་བཏང་ སྟེ་བཅར་རྡུང་དྲག་པོ་བཏང་བའི་གནས་སྟངས་དེ་དེའི་ཁུལ་གྱི་བོད་མི་ཚོས་མཐོང་ སྟེ། གོ་མཚོན་ཐོགས་པའི་དམག་མིའི་མདུན་དུ་ཐོན་ཏེ། ཁོང་མི་དམངས་ལ་རྩིས་སྤྲོད་དགོས་ཞེས་དམག་མིའི་ལམ་བཀག་པ་སོགས་གདོང་ལེན་བྱས་ ཡོད་ཀྱང༌། དམག་མིས་མི་དམངས་དེ་དག་ལའང་་གོ་མཚོན་གྱིས་ཉེས་རྡུང་བཏང་བ་མ་ཟད། གང་བྱུང་དུ་བཙན་ཁྲིད་བྱས་པའི་གནས་ཚུལ་བྱུང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་མུ་མཐུད་དུ་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་བཞིའི་ནང་གཞུང་འབྲེལ་འཚམས་གཟིགས་དང་བོད་དོན་ཞུ་སྐུལ་གནང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎