༸གོང་ས་མཆོག་ནས་རྒྱ་ནག་སྲིད་འཛིན་ཞི་ཅིང་ཕིང་ལ་བསྔགས་བརྗོད།

2014-09-20
གློག་འཕྲིན།
མཆན།
Share
པར་བཀོད།
༸གོང་ས་མཆོག་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ནི་དངོས་ཡོད་གནས་ཚུལ་ལ་གཟིགས་ཐུབ་མཁན་ཞིག་ཡིན་པའི་བསྔགས་བརྗོད་གནང་བ།
༸གོང་ས་མཆོག་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ནི་དངོས་ཡོད་གནས་ཚུལ་ལ་གཟིགས་ཐུབ་མཁན་ཞིག་ཡིན་པའི་བསྔགས་བརྗོད་གནང་བ།
ཨེ་ཨེཕ་པི།

༄༅༎རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གི་ཐེངས་འདིའི་རྒྱ་གར་གྱི་རྒྱལ་དོན་གཟིགས་སྐོར་དེ་གྲུབ་རྗེས། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ནི་དངོས་ཡོད་གནས་ཚུལ་ལ་གཟིགས་ཐུབ་མཁན་ཞིག་ཡིན་པའི་བསྔགས་བརྗོད་གནང་ཞིང་། ད་དུང་རྒྱ་ནག་དང་རྒྱ་གར་གཉིས་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞིའི་ཐོག་མུ་མཐུད་ཞི་བདེ་ཡོང་ཐབས་བྱེད་དགོས་པའི་བཀའ་ཡང་གནང་ཡོད་པ་རེད་འདུག
དེའང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གི་ཐེངས་འདིའི་རྒྱ་གར་གྱི་རྒྱལ་དོན་གཟིགས་སྐོར་དེ་གྲུབ་ནས་ཉིན་གཅིག་ཕྱིན་རྗེས་། ད་རེས་རེས་གཟའ་སྤེན་པའི་ཉིན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། སྤྱི་ལོ་༢༠༡༣ལོའི་ཟླ་བ་ལྔ་པའི་ནང་ཞི་ཅིང་ཕིང་དངོས་སུ་རྒྱ་ནག་གི་སྲིད་འཛིན་ཆགས་པ་ནས་བཟུང་། ཞི་ཅིང་ཕིང་གི་གནད་དོན་ཐག་གཅོད་བྱེད་སྟངས་དེ་ཚོའི་ཐོག་ནས་ ཞི་ཅིང་ཕིང་ནི་རྒྱ་ནག་གི་སྲིད་འཛིན་གོང་མ་ཚོ་ལས་ལྷག་པའི་དངོས་ཡོད་གནས་ཚུལ་ལ་གཟིགས་ཐུབ་མཁན་ཞིག་ཡིན་པའི་བསྔགས་བརྗོད་གནང་ཡོད་པ་མ་ཟད་། ད་དུང་རྒྱ་ནག་ལ་འགྱུར་བ་མང་པོ་ཞིག་ཕྱིན་ཡོད་པར་གསར་འགོད་པར་གསུངས་འདུག་ལ། གཞན་ཡང་རྒྱ་གར་གྱི་PTIཞེས་པའི་གསར་འགྱུར་བརྒྱུད་ལམ་དེས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ད་རེས་རེས་གཟའ་སྤེན་པའི་ཉིན། རྒྱ་གར་རྒྱལ་ས་ལྡི་ལིར་ཚོགས་པའི་ཆོས་ལུགས་འདྲ་མིན་གྱི་ལྷན་ཚོགས་ཚོགས་ཞོར་ལ།  ༸གོང་ས་མཆོག་ནས་། རྒྱ་གར་དང་རྒྱ་ནག་གཉིས་ནས་ཕྱོགས་གཉིས་དབར་ཡུན་རིང་གནས་པའི་མཐའ་མཚམས་རྩོད་གླེང་གི་འཁོན་འཛིན་དེ་ཕར་བསྐྱུར་ཏེ། ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞིའི་ཐོག་མུ་མཐུད་ཞི་བདེ་ཡོང་ཐབས་བྱེད་དགོས་ཞེས་བཀའ་གནང་ཡོད་པ་རེད་འདུག།

གསར་འགོད་པ་ཀུན་བཟང་རིག་འཛིན།

མཆན། (0)
Share
དྲ་གནས་ཆ་ཚང༌།