༧གོང་ས་མཆོག་ལ་དམིགས་བསལ་ཆེ་བསྟོད་ཀྱི་ཞི་བའི་གཟེངས་རྟགས།

2014-09-18
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གར་མུམ་བྷེར་༧གོང་ས་མཆོག་ལ་དམིགས་བསལ་ཆེ་བསྟོད་ཀྱི་ཞི་བའི་གཟེངས་རྟགས་འབུལ་བཞིན་པ། ༢༠༡༤།༩།༡༧
རྒྱ་གར་མུམ་བྷེར་༧གོང་ས་མཆོག་ལ་དམིགས་བསལ་ཆེ་བསྟོད་ཀྱི་ཞི་བའི་གཟེངས་རྟགས་འབུལ་བཞིན་པ། ༢༠༡༤།༩།༡༧
སྐུ་སྒེར་དྲ་བ

རྒྱ་གར་ནང་གི་TWPMཞེས་འཛམ་གླིང་ཞི་བདེ་སྲུང་སྐྱོབ་ལས་འགུལ་ཚོཊ་པས་༧གོང་ས་མཆོག་ལ་ཆེ་བསྟོད་ཀྱི་ཞི་བའི་གཟེངས་རྟཊ་འབུལ་འདུག
དེ་ཡང་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེའི་ནང་རྟེན་གཞི་བྱས་པའི་TWPMཞེས་པའི་འཛམ་གླིང་ཞི་བདེ་སྲུང་སྐྱོབ་ལས་འགུལ་ཚོགས་པས། ཕྱི་ཚེས་༡༤ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་ཆེ་བསྟོད་ཀྱི་ཞི་བའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་ཡོད་པ་དང་། དེ་ཡང་གཟེངས་རྟགས་འབུལ་ལམ་ཞུ་རྒྱུའི་ཁོངས་སུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བེུད་ཀྱི་ཤེས་ཡོན་རྩོད་ལེན་གནང་མཁན་པ་ཀི་སི་ཏན་གྱི་བེུད་མ་ལཱ་ཡུ་སེལ་ལགས། རྒྱ་གར་གྱི་སྤྱི་ཚོགས་ལས་འགུལ་བ་ཨ་ཎ་ཧ་ཛ་རི་ལགས་སོགས་སྙན་གྲགས་ཅན་གྱི་མི་སྣ་ཁག་ཅིག་གི་མཚན་འདེམས་སྒྲུག་གནང་ཡོད་ཀྱང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུས་གཟེངས་རྟགས་བཞེས་མཁན་མི་སྣ་ཁག་ཅིག་དངོས་སུ་ཕེབས་ཐུབ་མེད་སྟབས་མེས་པོ་དམ་པ་གྷན་རྡིའི་ཚ་བོ་ཏུ་ཤར་གྷན་རྡི་ལགས་དང་། འཛམ་གླིང་ཞི་བདེ་སྲུང་སྐྱོབ་ཀྱི་ལས་འགུལ་ཚོགས་པ་གསར་འཛུགས་གནང་མཁན་ཧོན་སེན་བྷར་རྣམ་གཉིས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཡོད་འདུག
འཛམ་གླིང་ཞི་བདེ་སྲུང་སྐྱོབ་ཚོགས་པ་དེ་ནི་མུམ་བྷེ་གྲོང་ཁྱེར་ནང་གནས་སྡོད་གནང་མཁན་རྒྱ་གར་གྱི་རྩོམ་པ་པོ་དང་། སྤྱི་ཚོགས་ཞབས་ཞུ་བ་སྐུ་ཞབས་ཧོ་སེན་བྷར་ལགས་ཀྱིས་ཕྱི་ལོ་༢༠༡༡ལོར་གསར་འཛུགས་གནང་བའི་ཚོགས་པ་ཞིག་ཡིན་པ་དང་། ཞི་བདེ་སྲུང་སྐྱོབ་ཚོགས་པ་དེའི་རྗེས་སུ་མཇུག་མཁན་རྒྱལ་སྤྱིའི་ནང་མི་འབོར་འབུམ་ལྔ་ཙམ་ཡོད་པ་དང་། ད་ལྟའི་འཆར་ཚོགས་པ་དེས་གོ་སྒྲིག་གནང་སྟེ་འཛམ་གླིང་ས་ཕྱོགས་གང་སར་སྤེལ་བཞིན་པའི་ཞི་བདེ་སྲུང་སྐྱོབ་ཀྱི་ལས་འགུལ་རྣམས་གྲུབ་འབྲས་ལྡན་ཤོས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡིན་འདུག ཚོགས་པ་དེས་འཛམ་གླིང་ནང་ཞི་བདེ་དང་། ཆོས་ལུགས་མཐུན་འབྲེལ་ཤེས་ཡོན་སོགས་ཀྱི་ཐོག་ལ་གཟེངས་སུ་ཐོན་པའི་བྱས་རྗེས་རླབས་ཆེན་འཇོག་མཁན་གྱི་མི་སྣར་ཆེ་བསྟོད་ཀྱི་དམིགས་བསལ་གཟེངས་རྟགས་འབུལ་ལམ་ཞུ་གི་ཡོད་འདུག འདི་ལོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གཟེངས་རྟགས་འབུལ་ལམ་ཞུས་པའི་མཛད་སྒོའི་སྐབས་མོམ་བྷེ་གྲོང་ཁྱེར་ནང་ཡོད་པའི་མཐོ་རིམ་སློབ་ཕྲུག་༥༠༠བརྒལ་བས་མཉམ་ཞུགས་གནང་ཡོད་འདུག དེ་བཞིན་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་མུམ་བྷེའི་ནང་སྤྱི་ཚོགས་ཚན་རིག་སློབ་གཉེར་བསྟི་གནས་ཁང་དུ་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་བསླབ་པ་ཐར་སོན་ཚོས་མ་འོངས་ཀུན་སློང་བཟང་པོའི་ཐོག་ནས་རང་གི་ཤེས་ཡོན་བེད་སྤྱོད་བྱ་དགོས་པའི་བཀའ་སློབ་གནང་ཡོད་པ་དང་། དེའི་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བསྟི་གནས་ཁང་གི་འགན་འཛིན། དེ་བཞིན་འབྲེལ་ཡོད་ལས་བྱེད་བཅས་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ལི་ལ་ཝ་ཏི་སྨན་ཁང་ཆིབས་སྒྱུར་བསྐྱངས་ཏེ་སྨན་པ་དང་སྨན་ཞབས་པ་ཁག་གཅིག་དང་ལྷན་དུ་བཀའ་མོལ་གནང་ཡོད་པ་དང་། ཕྱི་ཚེས་༡༨ཉིན་༨གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ཚོང་པའི་ལྷན་ཚོགས་དང་ཡན་ལག་བེུད་ཚོང་པའི་ལྷན་ཚོགས་བཙུགས་ནས་ལོ་༡༠༨འཁོར་བའི་དུས་དྲན་ཐོག་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བསྐྱང་ཡོད་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ་དང་འཆི་མེད།

མཆན། (0)
Share
དྲ་གནས་ཆ་ཚང༌།