༸གོང་ས་མཆོག་གི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མཛད་འཕྲིན་ལེགས་གྲུབ།


2017.12.27
༸གོང་ས་མཆོག་གི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མཛད་འཕྲིན་ལེགས་གྲུབ། ༸གོང་ས་མཆོག་ཕྱི་ཚེས་༢༤ཉིན་སྦེང་ལོར་དུ་བཀའ་སློབ་ཀྱི་ལས་རིམ་ཞིག་ཏུ་ཆིབས་བསྒྱུར་སྐབས་གསར་འགོད་པ་ཚོར་འཚམས་འདྲི་གནང་བཞིན་པ།
དགའ་ལྡན་ཕོ་བྲང་།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་ཕྱི་ཟླ་ ༡༢ ཚེས་ ༢༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་གནང་མཛད་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷཡི་ནང་ནང་ཆོས་ངོ་སྤྲོད་དང་མང་ཚོགས་ལ་བཀའ་སློབ།  མོན་གྷོ་འདོད་རྒུ་གླིང་དུ་དགེ་འདུན་པ་བརྒྱ་ཕྲག་འགའ་ཤས་བརྙེན་རྫོགས་གྲུབ་པར་མཛད་པ་དང་། འབྲས་སྤུངས་བློ་གསལ་གྲྭ་ཚང་གི་ཚན་རིག་དང་སྒོམ་ཁང་དབུ་འབྱེད། བཙུན་མགོན་བྱང་ཆུབ་ཆོས་གླིང་གི་ཆོས་རྭ་དབུ་འབྱེད། དགའ་ལྡན་དུ་ལམ་གཙོ་རྣམ་གསུམ་གྱི་སྒོ་ནས་ཆོས་འབྲེལ་མཛད་འཕྲིན་གྲུབ་རྗེས། སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཞབས་སོར་འཁོད་གནང་གིས། སེར་བྱེས་གྲྭ་ཚང་དུ་རྟ་མགྲིན་ཡངས་གསང་གི་བཀའ་དབང་དང་། སེར་སྨད་ཆོས་རྭ་གསར་པའི་དབུ་འབྱེད་རབ་གནས། བཀྲིས་ལྷུན་པོར་གནས་གཟིགས་དང་། རྣམ་གྲོལ་གླིང་དགོན་པའི་སློབ་པ་མཐར་སོན་གྱི་མཛད་སྒོར་ཞབས་སོར་དང་བཀའ་སློབ་བཀྲིན་ཆེ་གནང་མཛད་ཡོད་པ་རེད།
དེ་རྗེས་རྒྱ་གར་གྱི་གྲོང་ཁྱེར་སྦེང་ལོར་ནང་ Seshadripuram  ཤེས་ཡོན་མཐུན་ཚོགས་ལྟེ་གནས་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། སློབ་དཔོན་དང་དགེ་ལས་མི་གྲངས་ཉི་ཁྲི་བརྒལ་བར་རྒྱལ་ཁབ་འཛུགས་བསྐྲུན་སླར་གསོའི་ཆེད་ཤེས་རབས་དང་སྙིང་རྗེའི་ཤེས་ཡོན་ཅེས་པའི་བརྗོད་གཞིའི་སྒོ་ནས་བཀའ་སློབ་བསྩལ་བ་དང་། ཕྱི་ཟླ་ ༡༢ ཚེས ༢༥ ཉིན་བོད་རིགས་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མང་ཚོགས་ལ་བཀའ་སློབ། ཕྱི་ཚེས་ ༢༦ ཉིན་ཏུམ་ཀོར་མཐོ་རིམ་སློབ་གྲྭར་བཀའ་སློབ་བསྩལ་བ་སོགས་ཀྱི་མཛད་འཕྲིན་ལེགས་གྲུབ་ཀྱིས། ཕྱི་ཚེས་ ༢༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་གནང་མཛད་ཡོད་པ་རེད།  
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གི་མི་སེར་གཉིས་ཀྱིས་ཞི་བའི་ལས་འགུལ་ལ་བར་ཆད་བཟོས་རྗེས་ཐེ་ཝན་ནས་ཕྱིར་ཕུད་བཏང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལྷ་མོ་ཀིརྟི་དགོན་པའི་ནང་བསྟན་སྔོན་འགྲོའི་སློབ་གྲྭ་ཡོངས་སུ་སྒོ་བརྒྱབ་སྟེ་སློབ་ཕྲུག་ཚོ་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭར་བཏང་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎