༧གོང་ས་མཆོག་གུ་ཝ་ཧ་ཊིར་ཞབས་སོར་འཁོད་གནང་མཛད་པ།


2017.04.01
༧གོང་ས་མཆོག་རྒྱ་གར་བྱང་ཤར་གུ་ཝ་ཧ་ཊིར་ཞབས་སོར་འཁོད་གནང་མཛད་པ། ༢༠༡༧།༤།༠༡།༧གོང་ས་མཆོག་ནས་ཨ་སམ་ Tribune གསར་ཤོག་ལས་ཁང་ལོ་ངོ་བདུན་བཅུ་དང་Danikགསར་ལས་ཁང་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་དུ་ཆིབས་བསྒྱུར་གྱིས་བཀའ་སློབ་བསྩལ་བ།
ཨེ་ཨེཕ་པི།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཟླ་ ༤ ཚེས་ ༡ ཉིན་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་རྒྱལ་ས་ གུ་ཝ་ཧ་ཊིར་ཞབས་སོར་བདེ་བར་འཁོད་གནང་མཛད་འདུག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་སམ་ Tribune གསར་ཤོག་ལས་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། གསར་ཁང་དེ་བཙུགས་ཏེ་ལོ་ངོ་བདུན་བཅུ་འཁོར་བ་དང་། ཡང་Danik གསར་ལས་ཁང་བཙུགས་ཏེ་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་གྱི་མཛད་སྒོའི་ཚོགས་མགོན་དུ་ཞབས་སོར་འཁོད་ཐོག་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་འདུག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གཟའ་མིག་དམར་ཉིན་མོན་རྟ་ཝང་ཁུལ་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུ་ཡིན་པ་རེད།
ཨེ་པི་གསར་ལས་ཁང་གིས་དེ་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་གནང་པ་ཁག་གཅིག་ལུང་འདྲེན་ཞུས་པ་དེའི་ནང་། ངོས་རང་རྟ་ཝང་ཁུལ་སླེབས་སྐབས་ཕྱི་ལོ་ ༡༩༥༩ ལོར་བོད་ནས་བཙན་བྱོལ་དུ་ཕེབས་རྗེས་རང་དབང་གི་ཐུགས་ཚོར་ཆེན་པོ་བྱུང་བ་དེ་དྲན་གསོ་ཡོང་གི་འདུག་ཅེས་དང་། དེ་ནི་ངའི་མི་ཚེའི་ནང་གི་ལེའུ་གསར་པ་ཞིག་འགོ་ཚུགས་པ་ཞིག་རེད་ཅེས་བཀའ་གནང་འདུག ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ལོ་ ༡༩༥༩ ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ལྷ་སར་མི་དམངས་ཀྱི་སྒེར་ལངས་ཤུགས་ཆེ་ཞིག་བྱུང་བ་དང་། རྒྱ་མིའི་དམག་དོན་གྱི་བྱ་སྤྱོད་ཤུགས་ཆེ་རུ་བཏང་པ་བཅས་ལ་རྟེན། ཕྱི་ཟླ་ ༣ ཚེས་ ༡༧ ཉིན་ངོས་རང་བྲོས་བྱོལ་དུ་མ་འགྲོ་ཀ་མེད་ཆགས་པ་རེད་ཅེས་དང་། རྒྱ་གར་གཞུང་གིས་ང་ཚོར་ཐུགས་བརྩེ་ཆེན་པོས་སྣེ་ལེན་གནང་པ་ནས་བཟུང་། ད་བར་ངོས་རང་རྒྱ་གར་གཞུང་གི་སྐུ་མགྲོན་རྒྱུན་རིང་ཤོས་དེ་ཆགས་ཡོད་པ་རེད་ཅེས་བཀའ་གནང་འདུག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དང་རྒྱ་ནག་དབར་རྩོད་རྙོག་ཡོད་པའི་མོན་རྟ་ཝང་ཁུལ་ཆིབས་བསྒྱུར་སྐྱོང་རྒྱུར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱེད་བཞིན་ཡོད་ཀྱང་། རྒྱ་གར་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་ས་གནས་གང་དུ་ཆིབས་བསྒྱུར་གནང་ཡང་དེར་འགག་བྱ་གང་ཡང་མེད་པ་ལན་འདེབས་བྱས་ཡོད་པ་རེད།
དེ་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གུ་ཝ་ཧ་ཊིའི་གནམ་ཐང་དུ་ཕེབས་འབྱོར་སྐབས་རྒྱ་གར་ས་གནས་གཞུང་གི་དཔོན་རིགས་ཆེས་གྲས་དང་དེ་བཞིན་མང་ཚོགས་བརྒྱ་ཕྲག་མང་པོས་ཕེབས་བསུ་ཞུས་འདུག་ཅིང་། སང་ཉིན་ཕྱི་ཟླ་ ༤ ཚེས་ ༢ ཉིན་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངས་ཀྱི་ཕྱག་དེབ་ཨ་སམ་སྐད་ཡིག་ནང་ཕབ་བསྒྱུར་ཞུས་པའི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཆིབས་བསྒྱུར་དང་། མང་ཚོགས་ལ་བདེ་སྐྱིད་བསྐྲུན་ཐབས་ཀྱི་བརྗོད་གཞིའི་སྒོ་ནས་བཀའ་སློབ། དེང་སྐབས་གྲོང་ཁྱེར་དེའི་ནང་ཚོགས་བཞིན་པའི་ཡར་ཀླུངས་གཙང་པོའམ་ Brahmaputra འི་དུས་སྟོན་ཐོག་ཆིབས་བསྒྱུར། དེ་བཞིན་ཤི་ལོང་ཁུལ་ནས་ཆེད་བཅར་བོད་མི་བཞི་བརྒྱ་ཙམ་ལ་མཇལ་ཁ་དང་བཀའ་སློབ་གསུང་བཤད་སྩོལ་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད།  Brahmaputra གཙང་པོའི་དུས་སྟོན་འདི་བཞིན་རྒྱ་གར་གྱི་སྲིད་འཛིན་ པརཱ་ནབ་མུ་ཁར་ཇི་མཆོག་ནས་དབུ་འབྱེད་གནང་འདུག།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་རྣམས་ནས་གོ་སྐབས་ནམ་བྱུང་ལ་བོད་དོན་དྲིལ་བསྒྲགས་གནང་གལ་ཆེ་བ་ཡིན་ཞེས། སྲིད་སྐྱོང་མཆོག་གིས་མོན་གྷོ་འདོད་རྒུ་གླིང་གི་མི་མང་་ལ་གསུངས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎