ཧོང་ཀོང་ས་གནས་གཞུང་གིས་དམངས་གཙོ་དོན་གཉེར་བ་ཚོར་ངོ་རྒོལ་ཁྲོམ་བསྐོར་ལས་འགུལ་སྤེལ་ཆོག་པའི་ཆོག་མཆན་སྤྲད་པ།


2019-12-05
Share
ཧོང་ཀོང་ས་གནས་གཞུང་གིས་དམངས་གཙོ་དོན་གཉེར་བ་ཚོར་ངོ་རྒོལ་ཁྲོམ་བསྐོར་ལས་འགུལ་སྤེལ་ཆོག་པའི་ཆོག་མཆན་སྤྲད་པ། ཧོང་ཀོང་ས་གནས་གཞུང་གིས་རེས་གཟའ་ཉི་མའི་ཉིན་ཧོང་ཀོང་ནང་དམངས་གཙོ་དོན་གཉེར་བ་ཚོའི་ངོ་རྒོལ་ཁྲོམ་བསྐོར་ལས་འགུལ་སྤེལ་ཆོག་པའི་ཆོག་མཆན་སྤྲད་ཡོད་པ།
ཨེ་ཨེཕ་པི།

ཧོང་ཀོང་ས་གནས་གཞུང་གིས་རེས་གཟའ་ཉི་མའི་ཉིན་ཧོང་ཀོང་ནང་དམངས་གཙོ་དོན་གཉེར་བ་ཚོའི་གཞི་རྒྱ་ཆེ་བའི་ངོ་རྒོལ་ཁྲོམ་བསྐོར་ལས་འགུལ་སྤེལ་ཆོག་པའི་ཆོག་མཆན་སྤྲད་ཡོད་པ་རེད།
དེའང་ཉེ་ལམ་ཧོང་ཀོང་གི་ས་གནས་འོས་བསྡུའི་བྱ་རིམ་ནང་དམངས་གཙོ་དོན་གཉེར་བ་ཚོར་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་པ་དང་བཅས་ད་ཆ་ཁོང་ཚོས་རེས་གཟའ་ཉི་མའི་ཉིན་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོའི་དང་བསྟུན་ཧོང་ཀོང་ནང་དམངས་གཙོ་དོན་གཉེར་བ་ཚོས་གཞི་རྒྱ་ཆེ་བའི་ཁྲོམ་བསྐོར་ཞིག་གནང་འཆར་ཡོད་པ་དེར་ཧོང་ཀོང་ས་གནས་གཞུང་གི་ཉེན་རྟོག་ལྷན་ཁང་གིས་ཀྱང་ཆོག་མཆན་སྤྲད་ཡོད་པ་ཞིག་རེད་འདུག
ཆབ་འབངས་ཡུལ་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་འདས་པའི་ཟླ་བ་དྲུག་ལྷག་ཙམ་གྱི་རིང་རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་འཛིན་པའི་སྲིད་ཇུས་ལ་མི་འདོད་པའི་ངོ་རྒོལ་གྱི་ལས་འགུལ་མཚམས་མི་ཆད་པར་སྤེལ་ཡོད་པ་དང་།   ཉེན་རྟོག་པས་དྲག་གནོན་བྱས་པའི་གནས་ཚུལ་ཇི་སྙེད་ཅིག་བྱུང་ཡོད་པ་དེ་ཚོའི་ཐད་གྱོད་གཞི་ཁྲིམས་གཏུག་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།