ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་གི་ཚོགས་གཙོ་འཕོ་འགྱུར་བྱུང་འདུག

2024.03.26
ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་གི་ཚོགས་གཙོ་འཕོ་འགྱུར་བྱུང་འདུག ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(John Moolenaar)་ལགས་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་(Mike Gallager)་ལགས་གཉིས།
པར་སྒྲིག་བཟོ།/ U.S. House of Representatives

རྒྱ་ནག་དམར་ཤོག་གཞུང་དང་ཨ་རི་བར་གྱི་འགྲན་རྩོད་དང་འཐབ་ཇུས་ཐད་ཆེད་འཛུགས་གནང་བའི་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་(Mike Gallagher)་ལགས་ཀྱིས་དགོངས་ཞུ་གནང་རྒྱུ་བསྒྲགས་པའི་རྗེས། ཟླ་གསུམ་པའི་ཚེས་༢༦ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་གིས། ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་གི་ཚོགས་གཙོར་སྐུ་ཞབས་(John Moolenaar)་ལགས་བསྐོ་བཞག་གནང་འདུག་པ་དང་།

བསྐོ་བཞག་བྱུང་བའི་རྗེས་སུ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་མུ་ནེ་ནར་ལགས་ཀྱིས་སྤྱི་བསྒྲགས་ཞིག་སྤེལ་གནང་ཡོད་པ་དེའི་ནང་། གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་དང་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས་ཁོང་ལ་ཐུགས་རེ་ཆེན་པོས་ལས་གནས་འདིར་བསྐོ་བཞག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རྣམས་ཀྱིས་ཐུགས་རེ་གནང་བ་བཞིན་ངོས་རང་ནས་རྣམ་པ་ཚོ་དང་མཉམ་རྒྱ་ནག་དམར་ཤོག་ཚོགས་པར་གདོང་ལེན་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་དང་། ཚོགས་ཆུང་འདིའི་ཚོགས་གཙོ་ཟུར་པ་སྐུ་ཞབས་(Mike Gallager)་ལགས་ཀྱིས་ཀྱང་ད་བར་རྒྱལ་ཁབ་ཀྱི་དམག་དོན་ལས་དོན་དང་། གཞན་ཡང་ཚོགས་ཆུང་འདིའི་ལས་དོན་འགྲུབ་ཐབས་སུ་སྐུ་ངལ་ཆེན་པོ་སྐྱོན་པའི་མཛད་རྗེས་ལ་རྗེས་སུ་ཡི་རངས་དང་སྦྲགས་ཐུགས་རྗེ་ཆེ་ཞུ་གི་ཡིན་ཞེས་གསུངས་འདུག
གོང་བརྗོད་དམིགས་བསལ་ཚོགས་ཆུང་དེའི་ཚོགས་གཙོ་ཟུར་པ་(Mike Gallagher)་ལགས་ནི་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མི་ཞིག་ཆགས་ཀྱི་ཡོད་པ་དང་། ཁོང་རིང་མིན་སྤྱི་ཟླ་༤བའི་ཚེས་༡༩ཉིན་གྲོས་ཚོགས་ཀྱི་འཐུས་མི་ནས་རྩ་དགོངས་ཞུ་རྒྱུ་ཡིན་པ་བསྒྲགས་ཡོད་པ་རེད།
དེ་བཞིན་དུ་གྲོས་ཚོགས་ཀྱི་ཚོགས་གཙོ་(Mike Johnson)་ལགས་ཀྱིས་ཀྱང་དམིགས་བསལ་ཚོགས་ཆུང་འདིའི་ཚོགས་གཙོ་(Moolenaar)་ལགས་ཀྱིས་གནང་བ་ཡིན་ན་དམིགས་བསལ་ཞིག་ཆགས་ཀྱི་ཡོད་པ་ནི། ཁོང་ལ་གཞུང་སྒེར་གཉིས་ཀྱི་ལས་གནས་ཀྱི་ཉམས་མྱོང་དང་ཤེས་ཡོན་གྱི་རྒྱབ་ལྗོངས། རྩ་དོན་བཅས་ལ་ཆབ་སྲིད་ཚོགས་པ་གཉིས་ཀའི་གྲོས་ཚོགས་འཐུས་མིའི་གུས་བརྩི་ཐོབ་ཡོད་ཅེས་གདེང་འཇོག་གནང་འདུག
གསར་དུ་བསྐོ་བཞག་བྱུང་བའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇོན་མུ་ལེ་ནར་ལགས་ཟླ་སྔོན་མའི་ནང་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀའི་གྲོས་ཚོགས་འོག་མའི་འཐུས་མིའི་སྐུ་ཚབ་ཐེ་ཝན་ནང་འཚམས་གཟིགས་ཕེབས་མཁན་གྲས་སུའང་ཡོད་པ་དང་། འགན་དབང་ཆེ་བའི་གྲོས་ཚོགས་ཀྱི་དམིགས་བསལ་ཚོགས་ཆུང་འདི་བཞིན་དེ་སྔ་ཕྱི་ལོ་༢༠༢༣ཕྱི་ཟླ་དང་པོའི་ནང་གསར་བཙུགས་གནང་བ་ཞིག་ཡིན་པ་དང་། ཚོགས་ཆུང་འདི་བརྒྱུད་ནས་རྒྱ་ནག་གིས་ཨ་རི་དང་རྒྱལ་སྤྱིའི་ནང་རྣོ་ངར་ཆེན་པོའི་ཐོག་ནས་གནོན་ཤུགས་སྤྲད་དང་སྤྲོད་བཞིན་པའི་ལས་འགུལ་ལ་གདོང་ལེན་ཤུགས་ཆེ་ཙམ་ཡོང་ཐབས་སུ་དམིགས་པ་ཞིག་ཡིན་འདུག


གསར་འགོད་པ། རིག་འཛིན་ཆོས་སྒྲོན། བོད་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་གིས་རྒྱུན་གྲོན་མ་དངུལ་མཚམས་འཇོག་བྱས་རྐྱེན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་མང་ཆེ་བ་གནས་སྐབས་ཕོགས་མེད་ལས་མཚམས་འཇོག་དགོས་བྱུང་ཡོད།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎