སྤྱི་ལོ་༢༠༡༧་ལོའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་བཏོན་འདུག


2017.01.12
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ངེས་སྟོན་པ་(Kenneth Roth) འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ངེས་སྟོན་པ་(Kenneth Roth)
པར་ཚགས།

རྒྱ་ནག་གིས་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་ཚོའི་ཐོག་དྲག་གནོན་ཤུགས་ཆེ་བྱེད་བཞིན་ཡོད་པ་སྙན་ཐོའི་ནང་གསལ་བཏོན་གནང་འདུག
དེ་ཡང་འདི་ཚེས་༡༢་ཉིན་འདི་ག་རྒྱལ་ས་ཝ་ཤིན་ཀྲོན་དུ་རྟེན་གཞི་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་༢༠༡༧་ལོའི་འཛམ་གླིང་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་འགྲེམས་སྤེལ་གནང་འགྲེམས་སྤེལ་གནང་བའི་སྙན་ཐོའི་ནང་། ཨ་མི་རི་ཀ་དང་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་ཁག་གི་ཆབ་སྲིད་འགོ་ཁྲིད་དེ་ཚོ་དེང་སང་ཕལ་ཆེ་བ་སྐབས་འཚོལ་སྲིད་དོན་པ་སླེབས་ཀྱི་ཡོད་དུས། རྨང་གཞིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་ཉེན་ཁ་ཡོད་པ་དང་ཆབས་ཅིག་འཛམ་གླིང་ཁྱོན་ཡོངས་སུ་མི་གཅིག་གིས་དབང་སྒྱུར་བྱེད་མཁན་སྲིད་དོན་པ་དེ་ཚོས་རང་ཉིད་ཀྱི་དབང་ཚད་བེད་སྤྱོད་ལོག་པ་བྱ་རྒྱུའི་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད་པའི་
སྐོར་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གསུངས་འདུག
ཨ་རིའི་ནང་ཕན་ཚུན་སྡང་སེམས་དང་བཟོད་སྲན་མི་ཐུབ་པའི་འོས་བསྡུའི་དྲིལ་བསྒྲགས་རྗེས་ཌོ་ནལཌ་ཏྲ་རམཔ་(Donald Trump)ཨ་མི་རི་ཀའི་སྲིད་འཛིན་ལ་འོས་འདེམས་བྱུང་བ་དང་། ཡོ་རོབ་ཁུལ་འགྲོ་བ་མིའི་ཡོངས་ཁྱབ་ཐོབ་ཐང་ལ་བརྩི་བཀུར་མི་བྱེད་མཁན་གྱི་ཆབ་སྲིད་ཚོགས་པ་ཁག་གི་ཤུགས་རྐྱེན་གོང་མཐོར་འགྲོ་བཞིན་པའི་གནད་དོན་དེ་ཚོས་སྤྱི་ཡོངས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཉེན་ཚབས་ཆེན་པོ་བཟོ་བཞིན་ཡོད་ལུགས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ངེས་སྟོན་པ་Kenneth Roth་ཡིས་གསལ་བཏོན་
གནང་འདུག
ཁྱོན་ཤོག་གྲངས་༦༨༧་ཡོད་པའི་༢༠༡༧་ལོའི་འཛམ་གླིང་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོའི་ནང་། འཛམ་གླིང་གི་རྒྱལ་ཁབ་༩༠་ཐམ་པའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཞིབ་འཇུག་གནང་ཡོད་ཅིང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ངེས་སྟོན་པ་Kenneth Roth་ཡིས་སྙན་ཐོའི་ངོ་སྤྲོད་ཀྱི་སྔོན་གླེང་ནང་། དེང་སང་གི་དུས་ཚོད་འདིར་མི་གཅིག་གིས་དབང་སྒྱུར་བྱེད་མཁན་ཆབ་སྲིད་ཀྱི་དཔོན་རིགས་ཚོས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་སྣང་མེད་བཏང་ནས་འགྲོ་བ་མིའི་ཐོབ་ཐང་དེ་བཞིན་གཞུང་འཛིན་དབང་ཆའི་ཐོག་ཚོད་འཛིན་བྱེད་པའི་དགོས་ངེས་ཀྱི་ཆ་རྐྱེན་ལ་ངོས་འཛིན་མ་བྱས་པར་མང་མོས་ཀྱི་འདོད་མོས་ལ་བར་ཆད་གཏོང་མཁན་ཡིན་པར་ཆ་བཞག་གི་ཡོད་པ་ཐེར་འདོན་གནང་འདུག
དེ་བཞིན་གོང་ཞུས་སྙན་ཐོ་དེའི་ནང་རྒྱ་ནག་གི་སྐོར་གླེང་བའི་སྐབས་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱི་རྒྱ་ནག་གི་ནང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་དམའ་རུ་འགྲོ་གི་ཡོད་པར་བློ་འཚབ་སྐྱེས་ཏེ་གཞུང་དང་ལྟ་སྤྱོད་ལོག་ཀར་འཛིན་མཁན་ཚོའི་ཐོག་དྲག་གནོན་ཤུགས་ཆེ་བྱེད་བཞིན་ཡོད་པ་གསལ་བཏོན་གནང་འདུག
དེ་བཞིན་འདས་པའི་ལོ་ཉི་ཤུའི་ནང་ནས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ད་ལྟའི་ཆར་སྡུག་ཤོས་ཆགས་ཡོད་པ་ཕྱི་ཚེས་༡༡་ཉིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་འདོན་སྤེལ་གནང་བའི་སྙན་ཐོའི་ནང་བཀོད་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ་དང་། ངག་ཆོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་གི་ས་ཡོམ་དང་འབྲེལ་དྲྭ་ཐོག་གནས་ཚུལ་སྤེལ་མཁན་ ༢༡ ལ་ཞིབ་དཔྱོད་དང་ཉེས་ཆད་བཅད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་རྒྱ་གར་རྒྱ་མཚོའི་ནང་མཚོ་འོག་གྲུ་གཟིངས་དང་དམག་གྲུ་ཁག་ཅིག་གཏོང་འགོ་བཙུགས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎