རྒྱ་ནག་ནང་གི་ཁ་ཆེའི་མཆོད་ཁང་ཆེ་ཤོས་ཀྱི་ཆོས་དཔོན་བཀྲོངས་འདུག

2014-07-31
གློག་འཕྲིན།
མཆན།
Share
པར་བཀོད།
ཆོས་དཔོན་June Tahirམཆོག
ཆོས་དཔོན་June Tahirམཆོག
དྲ་བཤུས

ཆོས་དཔོན་June Tahir ནི་མི་རིགས་ལ་ཤ་ཞེན་ཅན་ཀྱི་ཆོས་པ་ཞིག་ཡིན་པ་དང་ཁོང་མི་གཞན་གྱིས་དམར་བསད་བཏང་བ་རེད་ཟེར།
དེ་ཡང་རེས་གཟའ་ལྷག་པའི་སྔ་དྲོ་ཟིང་ཆ་མང་པོ་ཡོང་བཞིན་པའི་རྒྱ་ནག་གི་ཡུ་གུར་གྲངས་ཉུང་མི་རིགས་གནས་ཡུལ་ཤིན་ཅང་ས་ཁུལ་གྱི་Kashgarགྲོང་ཁྱེར་ནང་ཡོད་པའི་ Id Kah ཞེས་པའི་ཁ་ཆེའི་མཆོད་ཁང་གི་ཆོས་དཔོན་Jume Tahirམཆོག་མཆོད་ཁང་གི་ཕྱི་ལ་ཁྲག་གིས་ཁེངས་པའི་དཀྱིལ་ལ་རྐྱེན་འདས་སུ་ཕྱིན་ཡོད་འདུག Kashgarགྲོང་ཁྱེར་གྱི་བདེ་སྲུང་ཚོགས་ཆུང་གི་ཚོགས་གཙོ་Abdugheni Dolkumཞུ་བས་གསུངས་པར་གཞིག་ན། ཁ་ཆེའི་ མཆོད་དཔོན་June Tahirམཆོག་དགོངས་པ་རྫོགས་སྐབས་ཁོང་དགུང་གྲངས་༧༠ཐམ་པ་ཡིན་འདུག  
སྐུ་ཞབས་Dolkum ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་ལ་བརྗོད་དོན། ཆོས་དཔོན་June Tahir མཆོག་ནི་རང་མི་རིགས་ལ་ཤ་ཞེན་ཅན་ཀྱི་ཆོས་པ་ཞིག་ཡིན་པ་དང་། ཁོང་མི་གཞན་གྱིས་དམར་བསད་བཏང་བ་རེད། ཁོང་གི་སྐུ་ཕུང་འདོན་རྒྱུའི་ལས་དོན་ཆེད་ང་ཚོ་བྲེལ་འཚུབ་ངང་གནས་ཡོད་བརྗོད་འདུག
ཁ་ཆེའི་ཆོས་ཁང་གི་ཉེ་འཁྲིས་སུ་ཡོད་པའི་ཚོང་ཁང་ཞིག་གི་བདག་པོས་ཁོང་རང་ཚོང་ཁང་སྒོ་ཕྱེ་གྲབས་ཡོད་དུས་ཉེན་རྟོག་པ་དང་མི་མང་པོ་ཞིག་ཆོས་དཔོན་བསད་ས་དེར་ཡོད་པ་མཐོང་བྱུང་ཉེན་རྟོག་པས་མི་དེ་ཚོ་ཁ་ཐོར་གཏོང་ཐབས་བྱེད་ཀྱི་འདུག དམ་པ་དེའི་སྐུ་ཕུང་ཆོས་ཁང་གི་མདུན་དུ་བཞག་འདུག་ཅེས་བཤད་འདུག ཡང་མི་གཞན་ཞིག་གིས་ཁོང་སུས་བཀྲོངས་ཡོད་མེད་ཤེས་ཀྱི་མེད་པ་དང་། དེའི་སྐོར་སྐད་ཆ་དྲི་རྒྱུར་ཚང་མས་ཞེད་སྣང་བྱེད་ཀྱི་འདུག་ཅེས་བཤད་འདུག
Id Kah ཞེས་པའི་ཆོས་ཁང་དེ་ནི་ལོ་༦༠༠ཙམ་སྔོན་བཞེངས་པའི་ཁ་ཆེའི་ཆོས་ཁང་ཞིག་ཡིན་པ་དང་།  རྒྱ་ནག་ནང་གི་ཁ་ཆེའི་མཆོད་ཁང་ཆེ་ཤོས་ཞིག་ཡིན་འདུགལ་ཆོས་དཔོན་ཁོང་ཁོང་ལོ་མང་པོ་རིང་ཆོས་ཁང་དེའི་ཆོས་དཔོན་གནང་ནས་བཞུགས་ཡོད་པ་རེད།   

གསར་འགོད་པ་ཚེ་དབང་དངོས་གྲུབ།

མཆན། (0)
Share
དྲ་གནས་ཆ་ཚང༌།