རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་རྒྱ་ནག་ཐད་ལངས་ཕྱོགས་འཛིན་སྟངས་ལ་ཕྱོགས་འགལ་ཚོགས་པས་སྐྱོན་བརྗོད་གནང་འདུག

2023.06.02
རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་རྒྱ་ནག་ཐད་ལངས་ཕྱོགས་འཛིན་སྟངས་ལ་ཕྱོགས་འགལ་ཚོགས་པས་སྐྱོན་བརྗོད་གནང་འདུག རྒྱ་གར་གྱི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་(Rahul Gandhi) ༠༣།༢༥།༢༠༢༣
REUTERS

དེ་ཡང་རྒྱ་གར་གྱི་ཀོང་རེ་སེ་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ར་ཧུལ་གྷན་དྷི་(Rahul Gandhi)་གཟའ་ཕུར་བུའི་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་འཚམས་གཟིགས་སུ་འབྱོར་ཡོད་པ་དང་། ཁོང་གིས་གསར་འགོད་ལྷན་ཚོགས་ཞིག་གི་སར་གཏམ་བཤད་གནང་བའི་ནང་། རྒྱ་ནག་གཞུང་གིས་ང་ཚོའི་ས་ཆའི་བདག་དབང་ཐོག་བཙན་བཟུང་བྱེད་ཀྱི་ཡོད་པ་དེ་ནི་ངོས་ལེན་རྩ་བ་ནས་བྱེད་ཐབས་མེད་པའི་གནད་དོན་ཞིག་རེད། ཡིན་ནའང་སྲིད་བློན་མོ་དྷི་ཡིས་(Narendra Modi)་དེ་ལས་ལྡོག་སྟེ་ཡིད་ཆེས་གཞན་ཞིག་གནང་གི་འདུག་ཅེས་གསུངས་ཏེ་སྲིད་བློན་མོ་དྷི་ཡིས་རྒྱ་ནག་ལ་སྲིད་བྱུས་འཛིན་སྟངས་ཐད་སྐྱོན་བརྗོད་གནང་ཡོད་འདུག
ད་དུང་ཁོང་གིས དེ་བཞིན་ད་ལྟའི་(BJP)་གཞུང་འཛིན་པ་ནས་བཟུང་སྲིད་བློན་མོ་དྷིས་ཡིས་སྣེ་ཁྲིད་པའི་(BJP)་གཞུང་གིས་རྒྱ་གར་ནང་ཆོས་ལུགས་ཀྱི་འཐེན་འཁྱེར་དང་དབྱེ་འབྱེད། ཆོས་ལུགས་ཀྱི་མིང་གི་ཐོག་ནས་མི་དམངས་ཁ་བྲལ་གཏོང་བའི་སྲིད་བྱུས་བཟུང་ཐོག རྩ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་ལུགས་དང་མི་མཐུན་པའི་གསར་འགོད་རང་དབང་ལའང་དམ་དྲག་བྱེད་བཞིན་ཡོད་ལུགས་སྐྱོན་བརྗོད་གནང་འདུག
གོང་ཞུས་གནད་དོན་ཐད་རོཡེ་ཊརསི་གསར་ལས་ཁང་གིས་རྒྱ་གར་གྱི་གཞུང་ཚབ་ཁང་ལ་དགོངས་ཚུལ་བཀའ་འདྲི་ཞུས་འདུག་ཀྱང་དམིགས་བསལ་ལན་འདེབས་གནང་ཡང་གནང་མེད་པ་རེད་འདུག


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༧ ཐོག་དགོངས་པ་རྫོགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བདེ་སྲུང་བཀའ་བློན་མཆོག་རྒྱ་གར་ཧིན་རྡུའི་ཆོས་ཕྱོགས་ཀྱི་འདུ་འཛོམས་ཆེ་གྲས་ཀུམ་བྷ་ (Maha Kumbh) ཞེས་པའི་དུས་སྟོན་ཐོག་ཕེབས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎