རྒྱ་གར་གྱིས་རྒྱ་ནག་དང་ས་མཚམས་སྐོར་གྲོས་མོལ་གྱི་གྲ་སྒྲིག་ཡོད་ཟེར།


2017.07.24
རྒྱ་གར་དང་བོད་ཀྱི་ས་མཚམས་དམག་མི། རྒྱ་གར་དང་བོད་ཀྱི་ས་མཚམས་དམག་མི།
དྲ་བཤུས།

རྒྱ་གར་གྱིས་རྒྱ་ནག་དང་ལྷན་དུ་ས་མཚམས་ཀྱི་རྩོད་རྙོག་འདུམ་འགྲིག་ཡོང་ཐབས་སུ་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཆ་ཚང་ཡོད་ཟེར།
དེ་ཡང་ལྡི་ལི་ནས་APགསར་ལས་ཁང་གིས་གནས་ཚུལ་སྤེལ་དོན། འདི་ཚེས་༢༠་གཟའ་ཕུར་བུའི་ཉིན། རྒྱ་གར་གྱིས་རྒྱ་ནག་དང་ལྷན་དུ་ཧི་མ་ལ་ཡའི་རྒྱུད་ཀྱི་ས་མཚམས་ཁུལ་གྱི་བདག་དབང་རྩོད་རྙོག་བྱུང་ཡུལ་དུ་རྒྱལ་ཁབ་གཉིས་ཀྱི་དམག་མི་ཁ་གཏད་དུ་ལངས་བསྡད་ཡོད་པ་ཕྱིར་འཐེན་བྱས་ཏེ་ཕྱོགས་གཉིས་དབར་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཆ་ཚང་ཡོད་སྐོར་བཤད་འདུག
བོད་ཀྱི་ལྷོ་ཕྱོཊ་དང་། འབྲུག་ཡུལ་དང་རྒྱ་གར་འབྲས་ལྗོངས་མངའ་སྡེ་བཅས་ཀྱི་ས་མཚམས་འཁེལ་བ་འབྲོག་ལམ་ཞེས་པའི་ས་ཁུལ་དེར་ཟླ་བ་སྔོན་མར་རྒྱ་ནག་གིས་གཞུང་ལམ་གསར་རྒྱག་གི་ལས་གཞི་འགོ་བཙུཊ་པའི་སྐབས་སུ། རྒྱ་གར་དང་འབྲུག་ཡུལ་གཉིས་ཀས་ས་ཆ་དེའི་བདག་དབང་ཐོག་རྒྱ་ནག་དང་ལྷན་དུ་རྩོད་གླེང་བྱུང་ནས་འགོ་བཙུཊ་པ་ཞིག་རེད།
རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་(Sushma Swaraj)ཡིས། ༢༠༡༢་ལོར་རྒྱ་ནག་ལྷན་དུ་བཞག་པའི་གྲོས་ཆོད་ལས་ས་མཚམས་རྩོད་རྙོག་དེ་འབྲུག་ཡུལ་དང་ལྷན་དུ་འགྲིག་འཇགས་ཡོང་ཐབས་བྱ་རྒྱུར་མོས་མཐུན་བྱུང་ཡོད་སྐོར་གསུངས་འདུག་ལ། དེ་ནི་རྒྱ་ནག་གིས་ཁུལ་དེར་རྙོག་དྲ་མི་ཡོང་བའི་ཆེད་དུ་རྒྱ་གར་གྱི་དམག་མི་ས་ཆ་དེ་ནས་ཕྱིར་འཐེན་བྱ་དགོས་པའི་དགོས་འདུན་བཏོན་པའི་རྗེས་གསུངས་པ་ཞིག་རེད།
ཡང་ལྕམ་(Swaraj)ཡིས། གལ་ཏེ་རྒྱ་ནག་གཅིག་པུས་ རྒྱལ་ཁབ་གསུམ་གྱི་ས་མཚམས་ས་ཁུལ་དེའི་བདག་དབང་གནས་བབ་ལ་འགྱུར་བ་བཏང་ཚེ། དེ་རྒྱ་གར་གྱི་བདེ་འཇགས་ཐད་བློ་འཚབ་བྱ་གཞིའི་གནད་དོན་ཞིག་ཆགས་ཡོད་སྐོར་དང་གཞན་ཡང་། རྒྱ་ནག་གིས་ས་ཁུལ་དེར་ཡོད་པའི་རྒྱ་གར་གྱི་དམག་མི་ཕྱིར་འཐེན་བྱ་དགོས་པའི་དགོས་འདུན་བཏོན་པ་རེད། གལ་ཏེ་རྒྱ་ནག་གིས་རྩོད་གཞི་དེའི་ཐོག་གྲོས་མོལ་བྱ་འདོད་ཡོད་ན། ཕྱོཊ་གཉིས་ཀས་དམག་མི་ཕྱིར་འཐེན་བྱས་ཏེ་གྲོས་མོལ་བྱ་དགོས་པ་ཞིག་རེད་ཅེས་དང་། རྒྱ་ནག་གི་བཙན་ཤེད་སྤྱོད་སྟངས་དེར་འབྲུག་ཡུལ་གྱིས་ཀྱང་ངོ་རྒོལ་བྱེད་བཞིན་ཡོད་པའང་གསུངས་འདུག

གསར་འགོད་པ་རྡོ་རྗེ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་བཅར་བ་༢༠༠་ཙམ་ལ་མཇལ་ཁ་སྩལ་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎