རྒྱ་གར་སྲིད་བློན་གྱིས་ཤུལ་འཛིན་མཁན་ཐད་དགོངས་ཚུལ།

རྒྱ་གར་གྱི་སྲིད་བློན་མན་མཆོག་གིས་ཀོང་རེ་སི་ཚོགས་པའི་དབུ་ཁྲིད་ར་ཧུལ་གན་རྡི་ཁོང་གི་ཤུལ་འཛིན་གནང་རྒྱུའི་བསམ་འཆར་ལ་དགའ་བསུ།

2011.06.30

༄༅༎རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་གིས་ཀོང་རེ་སི་ཚོགས་པའི་དབུ་ཁྲིད་ར་ཧུལ་གན་རྡི་ཁོང་གི་ཤུལ་འཛིན་གནང་རྒྱུའི་བསམ་འཆར་ལ་དགའ་བསུ་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག༎

འོན་ཀྱང་སྲིད་བློན་མན་མོ་ཧན་སིང་མཆོག་ནུས་པ་མེད་པའི་དབུ་ཁྲིད་ཆགས་ཡོད་པའི་སྐྱོན་བརྗོད་ངོས་ལེན་གནང་མི་འདུག། རེས་གཟའ་ལྷག་པའི་ཉིན་གསར་ཤོག་ཁག་གི་རྩོམ་བྲིས་པ་དང་ པེ་རེ་སེ་ ཁྲ་སེ་ ཨོཕ་ ཨིན་ཌི་ཡ་(Press Trust of India) ཞེས་པའི་གསར་འགྱུར་བརྒྱུད་ལམ་ཀྱི་མི་སྣ་འདུ་འཛོམས་སར་སྲིད་བློན་མན་མོ་ཧན་སིང་མཆོག་སྐུ་སྒེར་ངོས་ནས་གཞོན་སྐྱེས་ཚོར་འགན་ཁུར་སྤྲོད་དགོས་པའི་བསམ་ཚུལ་དེ་འགྲིག་པ་ཞིག་རེད་ཅེས་གསུངས་པ་དང་སྦྲགས་ཁོང་རང་དགོངས་པ་ཞུ་རྒྱུའི་རྣམ་པ་གང་ཡང་བཏོན་མེད་ལུགས་ཨེ་ཨེཕ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག། གསར་འགོད་པ་ཞིག་གིས་ཀོང་རེ་སེ་ཚོགས་པའི་དབུ་ཁྲིད་བགྲེས་པ་ཚོས་ད་ཆ་དགུང་ལོ་༤༡ཕེབས་པ་དང་ནེ་རུ་དང་གན་རྡིའི་ཤུལ་འཛིན་པ་ར་ཧུལ་གན་རྡི་ཚོགས་པའི་དབུ་ཁྲིད་གནང་རྒྱུའི་དུས་ལ་བབ་ཡོད་ལུགས་གཏམ་བཤད་གནང་བཞིན་པའི་སྐོར་བཀའ་འདྲི་ཞུ་སྐབས་ སྲིད་བློན་མཆོག་གིས་དེར་དགག་ཆ་མེད་ལ་ཚོགས་པའི་ངོས་ནས་ཐག་གཅོད་ག་དུས་བྱས་ཀྱང་ དེ་ཉིན་དགོངས་པ་ཞུ་རྩིས་ཡོད། འོན་ཀྱང་དེ་འདྲའི་གནས་ཚུལ་མ་བྱུང་བར་དུ་ངས་ལས་ཀ་བྱེད་དགོས་ཀྱི་རེད་ཅེས་གསུངས་གནང་བ་མ་ཟད་གཞུང་གི་ལས་དོན་ཚགས་ཚུད་ཆེད་རིང་མིན་བློན་ཆེན་རྣམས་འཕོ་འགྱུར་གཏོང་འཆར་ཡོད་སྐོར་གསུངས་གནང་འདུག། ཉེ་བའི་དུས་སུ་ནང་སྲིད་བློན་ཆེན་པི་ཅི་རྡམ་རྦ་རམ་གྱིས་གཞུང་གི་དཔོན་རིགས་མང་དག་ཅིག་་ལྐོག་ཟ་རུལ་སུངས་ཀྱི་དཀའ་རྙོག་ནང་ལྷུངས་པ་དང་མནའ་འབྲེལ་གྱི་གཞུང་འཛིན་ནུས་མེད་གྱི་གཞུང་ཆགས་ཡོད་ལུགས་སྐྱོན་བརྗོད་ཤུགས་ཆེ་ཡོད་པའི་སྐབས་འདིར་རྒྱ་ཆེའི་མང་ཚོགས་ཀྱིས་སྲིད་བློན་གྱི་དགོངས་ཚུལ་ངོ་མ་ཇི་ཡིན་ཤེས་རྟོགས་མེད་པ་ངོས་ལེན་གནང་བའི་རྗེས་སུ་སྲིད་བློན་མཆོག་གིས་གོང་ཞུས་གསར་འགོད་ལྷན་ཚོགས་ཐོག་གཏམ་བཤད་གནང་དགོས་བྱུང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎