རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཚབ་ཚོགས་མི་ཁག་ཅིག་བཞུགས་སྒར་རྡ་རམ་ས་ལར་ལྷན་འཛོམས་གནང་ཡོད་པའི་སྐོར།

2010.11.02

༄༅༎ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་ཁུངས་ཨ་མ་དང་རྒྱལ་ཁབ་གཞན་དུ་ཡོད་པའི་དེའི་ཡན་ལག་ལས་ཁུངས་ཀྱི་སྐུ་ཚབ་ཚོགས་མི་ཁག་ཅིག་བཞུགས་སྒར་རྡ་རམ་ས་ལར་ལྷན་འཛོམས་གནང་ཡོད་པའི་སྐོར་དེ་རིང་བཙན་བྱོལ་བོད་གཞུང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

འདི་ག་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་ཁུངས་ཨ་མ་ནས་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གི་དབུས་པའི་ཧོ་ལེན་དྲིའི་རྒྱལ་ས་ཨེམ་སེ་ཌེམ་དང༌། ཇར་མིན་ནིའི་གྲོང་ཁྱེར་བྷར་ལིན། དེ་བཞིན་སྦེལ་ཇམ་གྱི་རྒྱལ་ས་བྷར་སེལ་བཅས་ནང་དུ་གསར་འཛུགས་གནང་བའི་ཡན་ལག་ལས་ཁུངས་ཁག་གི་ཚོགས་མི་དང་ལས་བྱེད་པའི་སྐུ་ཚབ་འཐུས་མི་ཁག་བཞུགས་སྒར་རྡ་རམ་ས་ལར་འདུ་འཛོམས་ཀྱིས་ཕྱི་ཟླ་༡༠པའི་ཚེས་༣༡ནས་ཕྱི་ཟླ་༡༡པའི་ཚེས་༤བར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཐེངས་དང་པོ་སྐོང་ཚོགས་གནང་བཞིན་ཡོད་པར་རེད། ཕྱི་ཚེས་༡ཉིན་བཙན་བྱོལ་བོད་གཞུང་གི་བཀའ་ཤག་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཚབ་འཐུས་མི་རྣམས་ལ་བོད་གཞུང་ཟློས་སྒར་དུ་དགོངས་དྲོའི་གསལ་སྟོན་ཞིག་བཏང་གནང་བ་དང་ཆབས་ཅིག་བོད་གཞུང་ཟློས་སྒར་གྱིས་བོད་ཀྱི་གཞས་སྣ་ཁག་ཅིག་འཁྲབ་སྟོན་བྱས་པ་དང༌། དེ་ནས་ཕྱི་ཚེས་༢ཉིན་ལྷན་ཚོགས་ཐོག་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་ཆེད་ཕེབས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་ཀྱི་གནས་བབ་གོང་མཐོར་ཇི་ལྟར་གཏོང་ཐབས་སྐོར་བགྲོ་གླེང་གནང་བ་དང༌། བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་ཕྱག་ལས་གནང་ཕྱོགས་སྐོར་ལ་གསུང་བཤད་ཡང་གནང་ཡོད་ཅིང་། དེ་ཉིན་ཚོགས་མི་རྣམས་ལ་ཕོ་བྲང་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁའི་སྐལ་བཟང་གི་གོ་སྐབས་ཀྱང་ཐོབ་ཡོད་པ་རེད།།  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་མཆོག་གིས་རྒྱ་གར་གྱི་མེ་ཁོ་རོ་སོ་ཧྤོ་ཊི་ཡར་རྒྱས་ལྟེ་གནས་ཀྱི་འཛིན་སྐྱོང་འགན་འཛིན་ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎