བལ་ཡུལ་དགེ་ལྡན་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོ་ཐེངས་བཅུ་བཞི་པ་མཇུག་སྒྲིལ་འདུག

2024.10.28
བལ་ཡུལ་དགེ་ལྡན་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོ་ཐེངས་བཅུ་བཞི་པ་མཇུག་སྒྲིལ་འདུག བལ་ཡུལ་དགེ་ལྡན་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོ་ཐེངས་བཅུ་བཞི་པ་ཀོ་པཎ་འོག་མིན་བྱང་ཆུབ་ཆོས་གླིང་དགོན་པར་འཚོགས་སྐབས། ༡༠།༡༤།༢༠༢༤
Nepal Buddhist Gelug Association

བལ་ཡུལ་གྱི་དགེ་ལྡན་ཤེས་ཡོན་ལྷན་ཚོགས་ཀྱི་ཁྱབ་ཁོངས་རི་བོ་དགེ་ལྡན་པའི་དགོན་སྡེ་བརྒྱད་ཀྱིས་མཉམ་དུ་ལོ་ལྟར་རེས་མོས་ཀྱིས་འཇང་དགུན་ཆོས་གོ་སྒྲིག་ཞུ་བཞིན་ཡོད་པ་ལྟར། བལ་ཡུལ་དགེ་ལྡན་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོ་ཐེངས་བཅུ་བཞི་པ་ཀོ་པཎ་འོག་མིན་བྱང་ཆུབ་ཆོས་གླིང་དགོན་པར་ཕྱི་ཟླ་༡༠ ཚེས་༡༣ ཉིན་མཛད་སྒོའི་སྐུ་མགྲོན་གྱི་གཙོ་བོ་བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ་ཆེ་དབུ་བཞུགས་ཐོག མཁན་བླ་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམ་པ་དང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་མི་དང་དད་ལྡན་སྦྱིན་བདག་ཁག་ཅིག་དང་། འཇང་དགུན་ཆོས་མཉམ་ཞུགས་གནང་མཁན་སློབ་གཉེར་བ་སོགས་དབུ་བཞུགས་ཐོག་ཚེས་༢༧བར་འཚོགས་ནས་མཇུག་སྒྲིལ་གནང་འདུག
ཐེངས་དེའི་འཇང་དགུན་ཆོས་སྐབས་དགེ་ལྡན་པའི་དགོན་སྡེ་བརྒྱད་ཀྱི་ཐོག་ཆོས་བརྒྱུད་ཁག་དུ་མ་མཉམ་ཞུགས་གནང་སྟེ་ཚད་མའི་གཞུང་ལ་བགྲོ་གླེང་དང་། དམ་བཅའ་འཚོགས་ཡོད་པ་རེད། དེ་དང་འབྲེལ་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་རྒྱལ་མཚན་བཟོད་པ་ལགས་ཀྱིས་ད་རེས་འཇང་དགུན་ཆོས་ཐོག་དགོན་པ་ཁག་ལ་རྒྱུན་ལྡན་གྱི་ཚོགས་རྭ་འཚོགས་པ་ལྟར་མིན་པར་དམིགས་བསལ་འདུས་ཆེ་བའི་ཉམས་མྱོང་ཡག་པོ་བྱུང་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

Gelug Educational Council of Nepal, held their 14th winter debate session of Jang (2).jpg
བལ་ཡུལ་དགེ་ལྡན་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོ་ཐེངས་བཅུ་བཞི་པ་ཀོ་པཎ་འོག་མིན་བྱང་ཆུབ་ཆོས་གླིང་དགོན་པར་འཚོགས་སྐབས། ༡༠།༢༠༢༤


འཇང་དགུན་ཆོས་དེ་བཞིན་ལོ་ལྟར་དགེ་ལྡན་པའི་དགོན་སྡེ་ཁག་བརྒྱད་ཀྱིས་རེས་མོས་ཀྱིས་གོ་སྒྲིག་གནང་གི་ཡོད་པ་ལྟར། ལོ་རྗེས་མའི་འཇང་དགུན་ཆོས་དེ་བཞིན་བལ་ཡུལ་འཕགས་པ་ཤིང་དགོན་དགའ་ལྡན་བྱམས་དགོན་གླིང་དགོན་པ་འམ་ཡོངས་གྲགས་སུ་གསེར་བསྐོང་དགོན་པར་འཚོགས་རྒྱུ་ཐུགས་གཏན་འཁེལ་ཡོད་འདུག


གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཉག་ཆུ་རྫོང་གི་མེ་སྐྱོན་ཞི་འཇགས་སུ་ཕྱིན་ཡོད་ཀྱང་རྩ་མེད་བཟོ་ཐུབ་མེད་པར་མུ་མཐུད་དུ་བ་འཕྱུར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎