ཡོ་རོབ་དམིགས་བསལ་སྐུ་ཚབ་བསྐོ་བཞག་གནང་བ།

བཀའ་ཤག་ནས་སྐལ་བཟང་རྒྱལ་མཚན་ལགས་ཡོ་རོབ་ཀྱི་དམིགས་བསལ་སྐུ་ཚབ་ཏུ་བསྐོ་བཞག་གནང་བ།

2012.06.24

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བོད་རྒྱ་འབྲེལ་མོལ་གནང་མཁན་དམིགས་བསལ་སྐུ་ཚབ་སྐོུ་སྐལ་བཟང་རྒྱལ་མཚན་ལགས། དམིགས་བསལ་སྐུ་ཚབ་ནས་དགོངས་ཞུ་གནང་བའི་རྗེས་ཡོ་རོབ་ཀྱི་དམིགས་བསལ་སྐུ་ཚབ་ཏུ་བསྐོ་བཞག་གནང་ཡོད་པ་རེད།

ཕྱི་ཟླ་དྲུག་པའི་ཚེས་༡༩ རེས་གཟའ་མིག་དམར་ཉིན་བཙན་བྱོལ་བོད་གཞུང་བཀའ་ཤག་གིས། སྐོུ་སྐལ་བཟང་རྒྱལ་མཚན་ལགས་ཡོ་རོབ་ཀྱི་དམིགས་བསལ་སྐུ་ཚབ་ཏུ་བསྐོ་བཞག་གནང་བ་དང༌། སྐལ་བཟང་རྒྱལ་མཚན་ལགས་ནི། བོད་གཞུང་གི་གཞུང་ཞབས་བགྲེས་པ་དང༌། ཡོ་རོབ་སྐུ་ཚབ་དང༌། བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱི་ཕྱག་རོགས་ཡིན་ཞིང༌། ཕྱི་ཟླ་ལྔ་པའི་ཚེས་༣༠ དང་༣༡ ཉིན་གཉིས་རིང་བཞུགས་སྒར་རྡ་རམ་ས་ལར་བོད་རྒྱ་གྲོས་མོལ་གྱི་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཚོགས་པའི་སྐབས། བཀའ་ཟུར་རྒྱ་རི་བློ་གྲོས་མཚན་མཆོག་དང་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་ཀྱིས་དམིགས་བསལ་སྐུ་ཚབ་ནས་དགོངས་ཞུ་ཡོང་བའི་བཀའ་ཤག་ལ་སྙན་གསེང་ཞུས་དོན་ལྟར་ཕྱི་ཟླ་དྲུག་པའི་ཚེས་༡ ཉིན་དགོངས་ཁྲོལ་གནང་བ་ཞིག་ཡིན་ཞིང༌། འོན་ཀྱང་དེ་སྔོན་ནས་བོད་དོན་རྒྱབ་སྐྱོར་བ་དང་བོད་མིའི་ངོས་ནས། ཡོ་རོབ་གྱི་དམིགས་བསལ་སྐུ་ཚབ་ཀྱི་ལས་གནས་ཤིག་དགོས་པའི་དགོས་འདུན་བཏོན་མཁན་བྱུང་བ་ལྟར། ད་ཆ་སྐོུ་སྐལ་བཟང་རྒྱལ་མཚན་ལགས་ཡོ་རོབ་དམིགས་བསལ་སྐུ་ཚབ་ཏུ་བསྐོ་བཞག་གནང་བ་ཞིག་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཡིས་དིང་རི་སླར་གསོ་བསྐྱར་སྐྲུན་དང་མཉམ་མཐའ་མཚམས་བརྟན་ལྷིང་གླེང་བར་གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་གནོད་ཐེབས་ས་ཁུལ་གྱི་བསྐྱར་གསོའི་ལས་དོན་ཆབ་སྲིད་ལ་སྦྱར་བར་སྐྱོན་བརྗོད་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎