བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་པ་མཇུག་བསྒྲིལ།
2012.04.17
༄༅༎བཞུགས་སྒར་རྡ་རམ་སའི་བོད་ཀྱི་བེུད་ལྷན་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཐེངས་༡༠པ་མཇུག་སྒྲིལ་བའི་ཉིན་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་གསར་པ་འོས་འདེམས་བྱུང་ཡོད་པ་རེད།
དེ་ཡང་ཕྱི་ཟླ་བཞི་པའི་ཚེས་༡༦ རེས་གཟའ་ཟླ་བའི་ཉིན་རྒྱས་འཛོམས་ཚོགས་འདུ་མཇུག་བསྒྲིལ་བའི་ཕྱི་དྲོའི་དུས་ཚོད་ཐོག་བེུད་ལྷན་ཚོགས་ཀྱི་རྒྱུན་ལས་གསར་པ་བཅིུག་འོས་འདེམས་བྱས་ཡོད་ཅིང༌། སྐབས་དེར་ཚོགས་གཙོ་གསར་པ་བཀྲིས་སྒྲོལ་མ་ལགས་སུ་འོས་འདེམས་བྱུང་བ་དང༌། ཁོང་ནི་དེ་སྔ་༢༠༠༠ ནས་༢༠༠༣ བར་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་ཐུགས་འགན་བཞེས་མྱོང་ཡོད་པ་དང༌། བསམ་བརྟན་ཆོས་སྒྲོན་ལགས་སུ་ཚོགས་གཙོ་གཞོན་པ་གསར་པར་འོས་འདེམས་བྱུང་བ་དང༌། བེུད་ལྷན་ཚོགས་ཀྱི་ལས་དོན་འཆར་གཞིའི་འབྲེལ་མཐུད་ཀྱི་ཕྱག་ལས་གནང་མཁན་ཉི་མ་ལྷ་མོ་ལགས། དྲུང་ཆེ་གསར་པར་འོས་འདེམས་བྱུང་ཡོད་པ་རེད།
ཚོགས་གཙོ་གསར་པ་བཀྲིས་སྒྲོལ་མ་ལགས་ཀྱིས་ད་རེས་ཁོང་བེུད་ལྷན་ཚོགས་ཀྱི་ཚོགས་གཙོར་འོས་འདེམས་བྱུང་བ་ནི་གཟི་བརྗིད་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད། ལྷག་པར་དུ་ཚོགས་གཙོའི་ལས་རྒྱུན་རིང་ལ་གང་ཐུབ་ཀྱི་ལས་དོན་ཐོག་ལ་འབད་བརྩོན་ཞུ་རྒྱུའི་དམ་བཅའ་ཡོད་ལ་འོན་ཀྱང་བེུད་ལྷན་ཚོགས་ཀྱི་རྒྱུན་ལས་རྣམ་པ་དང། ཚོགས་མི་རྣམས་ཀྱིས་ཁོང་གི་ལས་དོན་ལམ་ལྷོང་ཡོང་བ་འཕྱར་གྲུ་མཉམ་འདེགས་གནང་རྒྱུའི་རེ་བ་ཡོད་ཅེས་གསུང་ཡོད་པ་རེད། ད་རེས་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་དེའི་ཐོག་བེུད་ལྷན་ཚོགས་ཀྱི་ཡན་ལག་ཚོགས་པ་ས་གནས་ཁག་༣༣ ནས་ཚོགས་མི་༡༤༠ མཉམ་ཞུགས་བྱས་ཡོད་པ་དང༌། ཉིན་གྲངས་དྲུག་རིང་ལ་གྲོས་གཞི་དོན་ཚན་༡༧ ཐོག་གྲོས་བསྡུར་བྱས་པའི་རྗེས། གྲོས་གཞིའི་ནང་གི་ཆབ་སྲིད་དང་ཤེས་ཡོན། སྤྱི་ཚོགས་ཀྱི་གནད་དོན། དེ་བཞིན་བོད་ཕྱི་ནང་གཉིས་ཀྱི་བེུད་ཀྱི་ནུས་སྟོབས་གོང་འཕེལ་གཏོང་ཐབས་ཀྱི་ཐོག་ལ་གྲོས་ཆམ་བྱུང་བ་མ་ཟད། ཚོགས་མི་ཞིག་གིས་བེུད་ཚོགས་པའི་རྒྱུན་ལས་ཀྱི་འགན་འཁུར་བཞེས་པའི་ཐོག་བོད་མི་དམངས་སྤྱི་འཐུས་ལས་འགན་གཅིག་ལྕོག་བཞེས་པ་དེ་ཡིས་ལས་དོན་གཅིག་གི་ཐོག་ལ་བློ་རྩེ་གཅིག་སྒྲིམ་གྱི་ནུས་པ་མི་ཐོན་པའི་དེ་སྔོན་མྱོར་ཚོར་གྱི་ཐོག་ནས་གནད་དོན་དེའི་ཐོག་ལ་སྒྲིག་གཞི་གསར་པ་གཏན་འབེབས་ཐག་གཅོད་གནང་ཡོད་པ་རེད།