ད་ལོ་ལྷ་སར་ཞོ་སྟོན་སྐབས་མི་མང་འདུ་འཛོམས་ཀྱི་བྱེད་སྒོ་ཚང་མ་མཚམས་འཇོག་བྱེད་རྒྱུ་ཡིན་འདུག

2021-08-05
Share
ད་ལོ་ལྷ་སར་ཞོ་སྟོན་སྐབས་མི་མང་འདུ་འཛོམས་ཀྱི་བྱེད་སྒོ་ཚང་མ་མཚམས་འཇོག་བྱེད་རྒྱུ་ཡིན་འདུག ལྷ་སར་ཞོ་སྟོན་སྐབས་མི་མང་འདུ་འཛོམས་ཀྱི་བྱེད་སྒོ་ཚང་མ་མཚམས་འཇོག་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས། ༨།༥།༢༠༢༡
Chinese State Media

ཀོ་ཝིཌ་༡༩་ངོ་བོ་འགྱུར་བའི་ཏོག་དབྱིབས་རིམས་ནད་སྔོན་འགོག་ཆེད་ད་ལོ་ལྷ་སར་ཞོ་སྟོན་སྐབས་མི་མང་འདུ་འཛོམས་ཀྱི་བྱེད་སྒོ་ཚང་མ་མཚམས་འཇོག་བྱེད་རྒྱུ་ཡིན་པ་བསྒྲགས་འདུག
ཉེ་ལམ་ནས་སླར་ཡང་རྒྱ་ནག་ནང་(delta variant)་ཞེས་ཀོ་ཝིཌ་༡༩་ངོ་བོ་འགྱུར་བའི་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཀྱི་གནས་ཚུལ་ཐོན་བཞིན་པ་དང་། རྒྱ་ནག་གཞུང་གིས་ཝུའུ་ཧན་གྲོང་ཁྱེར་གྱི་གྲོང་མི་ཚང་མར་ནད་ཡམས་དེ་འགོས་ཡོད་མེད་བརྟག་དཔྱད་བྱ་དགོས་པའི་བཀའ་རྒྱ་བཏང་བ་དང་། གྲོང་ཁྱེར་༢༠་ལྷག་གི་ནང་འགྲུལ་བཞུད་བཀག་སྡོམ་བྱས་བའི་གནས་ཚུལ་བྱུང་ཡོད་པ་རེད།
འདི་ཚེས་༥་ཉིན་ལྷ་ས་གྲོང་ཁྱེར་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་བརྡ་ཁྱབ་ཨང་ལྔ་བ་ཟེར་བ་ཞིག་བཏང་ཡོད་པའི་ནང་། ནད་ཡམས་སྔོན་འགོག་འགན་ལེན་ཆེད། ༢༠༢༡་ལོའི་ལྷ་སའི་ཞོ་སྟོན་འགོ་ཚུགས་མཛད་སྒོ་དང་། ལྷ་མོའི་འཁྲབ་སྟོན་ལ་སོགས་པས་མཚོན་མི་མང་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་ཚང་མ་མཚམས་འཇོག་བྱེད་རྒྱུ་ཡིན་པ་བསྒྲགས་འདུག
ཡིན་ན་ཡང་གསལ་བསྒྲགས་དེའི་ནང་། རིམས་ནད་སྔོན་འགོག་ཆེད་ལྷ་སའི་ཞོ་སྟོན་གྱི་བྱེད་སྒོ་མཚམས་འཇོག་བྱས་བ་ནི། བོད་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་ནས་ལོ་༧༠་འཁོར་བའི་དུས་ཆེན་གྱི་བྱེད་སྒོའི་བདེ་འཇགས་ཆེད་ཡིན་པ་གསལ་འདུག ཡིན་ན་ཡང་དུས་ཆེན་གྱི་བྱེད་སྒོ་དེ་ག་དུས་སྤེལ་རྒྱུ་ཡིན་མིན་སོགས་ཁ་གསལ་མི་འདུག
དེ་སྔ་རྒྱ་ནག་ཝུའུ་ཧན་ནས་ཏོག་དབྱིབས་ནད་ཡམས་ཐོག་མར་མཆེད་རྗེས། བོད་ནང་ཕོ་བྲང་པོ་ཏཱ་ལ་དང་། གཙུག་ལག་ཁང་ལ་སོགས་པའི་གཙོས་ས་གནས་གང་སའི་དགོན་སྡེ་ཁག་མང་པོ་སྒོ་རྒྱབ་པ་དང་། ས་གནས་ཁག་གི་བར་འགྲོ་བསྐྱོད་འགྲུལ་བཞུད་བཀག་སྡོམ་བྱས་བའི་གནས་ཚུལ་བྱུང་ཡོད། ཡིན་ན་ཡང་ན་ནིང་ནས་རྒྱ་མི་རིགས་མང་པོ་བོད་ནང་ནད་ཡམས་སྔོན་འགོག་ཆེད་བཀག་སྡོམ་སོགས་གང་ཡང་མེད་པར་བོད་ནང་ཡུལ་སྐོར་བལྟ་སྐོར་བ་མང་པོ་འབྱོར་དང་འབྱོར་བཞིན་པར་བོད་ནང་གི་བོད་མི་ཚོས་བོད་ནང་ནད་ཡམས་འགོས་ཁྱབ་ཀྱི་ཉེན་ཁ་ཡོད་པའི་སེམས་ཁྲལ་བྱེད་བཞིན་པ་རེད།

གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།