བློ་བཟང་ཚེ་རིང་མི་ལོ་གསུམ་གྱི་རྗེས་བཙོན་གྲོལ་དང་བོད་མིས་དགའ་བསུ།

2015-09-09
གློག་འཕྲིན།
མཆན།
Share
པར་བཀོད།
བློ་བཟང་ཚེ་རིང་མི་ལོ་གསུམ་གྱི་རྗེས་བཙོན་གྲོལ་དང་བོད་མིས་དགའ་བསུ། 2015/9/9
བློ་བཟང་ཚེ་རིང་མི་ལོ་གསུམ་གྱི་རྗེས་བཙོན་གྲོལ་དང་བོད་མིས་དགའ་བསུ། 2015/9/9
བོད་འབྱོར@RFA

བོད་ཀྱི་ཆབ་སྲིད་བཙོན་པ་བློ་བཟང་ཚེ་རིང་ལགས་མི་ལོ་གསུམ་གྱི་བཙོན་འཇུག་དུས་ཡུན་གཙང་ནས་བཙོན་གྲོལ་བྱུང་བ།
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཚེ་རིང་ལགས། ད་བར་ཆབ་སྲིད་ཀྱི་ཉེས་འཛུགས་འོག་རྒྱ་ནག་ཟི་ཁྲོན་མེན་ཡཱང་བཙོན་ཁང་ནས་མི་ལོ་གསུམ་གྱི་རིང་བཙོན་འོག་ཏུ་བསྡད་རྗེས་སྤྱི་ལོ༢༠༡༥ལོའི་ཟླ་༩་བའི་ཚེས་༩ཉིན་བཙོན་བཀྲོལ་བྱུང་ཡོད་པ་དང་། ས་གནས་བོད་མི་ཞིག་གིས་བརྗོད་དོན། ཁོང་བཙོན་ཁང་ནས་ཐོན་སྐབས་ཟི་ཁྲོན་མེན་ཡཱང་བཙོན་ཁང་མདུན་ནང་མི་སྤུན་མཆེད་དང་། ངོ་ཤེས་གྲོགས་པོ། ས་གནས་བོད་མི་བཅས་མི་ཉུང་བ་འཛོམས་ཏེ་ཁ་བཏགས་དང་གོས་ཆེན་འཐེན་ནས་བཙོན་བཀྲོལ་བྱུང་བར་དགའ་བསུ་བྱས་ཡོད་པ་དང་། ད་ལྟ་ཟི་ཁྲོན་ཁྲིན་ཏུའུ་བརྒྱུད་ཕ་ཡུལ་ཕྱོགས་སུ་ཕེབས་བཞིན་པར་ཕ་ཡུལ་ན་ཡང་ས་གནས་བོད་མི་ཚོས་ཁོང་ལ་ཕེབས་སྒུག་དང་ཕེབས་བསུའི་གྲ་སྒྲིག་བྱེད་བཞིན་པ་ངོ་སྤྲོད་གནང་བྱུང་།
གནས་ཚུལ་ལྟར་ན། དགེ་འདུན་པ་བློ་བཟང་ཚེ་རིང་ཁོང་དེ་སྔ་སྤྱི་ལོ་༢༠༡༢ལོར་རྒྱ་ནག་གི་འབྲེལ་ཡོད་ཉེན་རྟོག་ཚན་པས་རྔ་བ་གཙོས་བོད་ནང་གི་གནས་ཚུལ་ཕྱི་ཕྱོགས་ལ་མཁོ་སྤྲོད་བྱས་བ་དང་། བོད་ཕྱི་ཕྱོགས་ལ་འབྲེལ་བ་ཡོད་ཚུལ་གྱིས་འཇུ་བཟུང་བྱས་བ་དང་། རྗེས་སུ་རྒྱབ་ཁབ་གྱི་གསང་བ་ཕྱི་ལ་བསྐྱལ་བ་དང་། ཁ་བྲལ་རིང་ལུགས་པར་ངན་འབྲེལ་ཡོད་ཚུལ་གྱིས་མི་ལོ་༣གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་ཡིན་པར། ཁོང་ནི་མདོ་སྨད་རྔ་བ་ཕྱོགས་ཀྱི་ཕ་དར་ཁོ་དང་མ་སྟག་སྐྱིད་གཉིས་ཀྱི་བུ་དང་། ད་ལོ་དགུང་ལོ༢༩ཙམ་ཡིན་པ་དང་། རྔ་བ་ཀིརྟི་དགོན་པའི་སྨན་པ་གྲྭ་ཚང་གི་གྲྭ་བ་ཡིན་པ་རེད།

གསར་འགོད་པ་ཀླུ་འབུམ།

མཆན། (0)
Share
དྲ་གནས་ཆ་ཚང༌།