རྒྱ་གར་སྲིད་བློན་གྱི་དམ་འབུལ་མཛད་སྒོར་བོད་མིའི་སྒྲིག་འཛུཊ་ཀྱི་སྐུ་ཚབ་མགྲོན་འབོད་གནང་མི་འདུག


2019.05.30
རྒྱ་གར་སྲིད་བློན་མོ་དྷི་(modi)་མཆོག་གི་དམ་འབུལ་མཛད་སྒོའི་སྐབས། ༢༠༡༩།༥།༣༠ རྒྱ་གར་སྲིད་བློན་མོ་དྷི་(modi)་མཆོག་གི་དམ་འབུལ་མཛད་སྒོའི་སྐབས། ༢༠༡༩།༥།༣༠
AFP

མོ་དྷི་མཆོག་གིས་བསྐྱར་དུ་རྒྱ་གར་སྲིད་བློན་གྱི་དམ་འབུལ་བཞེས་བའི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་མགྲོན་འབོད་གནང་མེད་པ་ནི་བོད་མིར་བཟུང་བའི་སྲིད་བྱུས་ལ་འགྱུར་བ་ཕྱིན་པ་ཞིག་མཚོན་རྒྱུ་མིན་པ་གསུངས་འདུག
འཛམ་གླིང་ནག་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་གྱི་སྲིད་བློན་ན་རེན་དྷརཱ་མོ་དྷཱི་(Narendra Modi) མཆོག་གིས། ཕྱི་ཟླ་༥་ཚེས་༣༠་ཉིན་རྒྱ་གར་གྱི་སྲིད་བློན་གྱི་དམ་འབུལ་བཞེས་ཡོད་པ་དང་། ཐེངས་འདིའི་དམ་འབུལ་མཛད་སྒོའི་སྐབས་རྒྱལ་ཁབ་ཕྱི་ནང་གང་ས་ནས་ཁྱོན་སྐུ་མགྲོན་༨༠༠༠་ཙམ་ཆེད་ཕེབས་ཀྱིས་ལོ་རྒྱུས་རང་བཞིན་གྱི་དམ་འབུལ་མཛད་སྒོ་ཞིག་འཚོགས་ཡོད་པ་རེད། འོན་ཀྱང་ཐེངས་འདིའི་དམ་འབུལ་མཛད་སྒོའི་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་ཐེ་ཝན་གྱི་སྐུ་ཚབ་སོགས་ཆེད་འབོད་གནང་མེད་པ་རེད་འདུག།
ཕྱི་ལོ་ ༢༠༡༤་ལོའི་སྐུ་ཞབས་མོ་དྷཱིའི་སྲིད་བློན་དུ་འདེམས་ཐོན་བྱུང་རྗེས་ཀྱི་དམ་འབུལ་མཛད་སྒོ་ཐེངས་དང་པོའི་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་མགྲོན་འབོད་བྱུང་བ་ལྟར་སྲིད་སྐྱོང་མཆོག་ཆེད་ཕེབས་གནང་ཡོད་པ་རེད།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཨར་ཡ་ཚེ་དབང་རྒྱལ་པོ་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་རྒྱ་གར་གྱི་སྲིད་བློན་གྱི་དམ་འབུལ་མཛད་སྒོར་གདན་ཞུ་མ་གནང་པ་དེས་རྒྱ་གར་གཞུང་གིས་བོད་མིའི་ཐོག་བཟུང་བའི་སྲིད་བྱུས་ལ་འགྱུར་བ་ཕྱིན་པ་ཞིག་མཚོན་རྒྱུ་མིན་པར་མ་ཟད། རྒྱ་གར་གཞུང་གི་ངོས་ནས་བོད་མིའི་ཐོག་གི་སྲིད་བྱུས་ལ་འགྱུར་བ་གང་ཡང་འགྲོ་རྒྱུ་མིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་བཅར་བ་༢༠༠་ཙམ་ལ་མཇལ་ཁ་སྩལ་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎