འབར་མའི་གཞུང་གིས་ལྕམ་ཀང་སང་སུའུ་ཀི་ལ་ཉེན་བརྡ།

ལྕམ་ཨོང་སན་སུ་ཅི་མཆོག་དང་ཁོང་གི་ཚོགས་པར་ཆབ་སྲིད་དང་འབྲེལ་བའི་ལས་དོན་ཡོངས་རྫོགས་མཚམས་འཇོགས་གནང་དགོས་རྒྱུའི་ཉེན་བརྡ།

2011.06.29

༄༅༎དྲག་པོའི་རྒྱབ་རྟེན་ཡོད་པའི་འབར་མའི་གཞུང་གསར་པས་ཡུལ་དེའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨོང་སན་སུ་ཅི་མཆོག་དང་ཁོང་གི་ཚོགས་པར་ཆབ་སྲིད་དང་འབྲེལ་བའི་ལས་དོན་ཡོངས་རྫོགས་མཚམས་འཇོགས་གནང་དགོས་རྒྱུའི་ཉེན་བརྡ་བཏང་འདུག།

འབར་མའི་ནང་སྲིད་ལྷན་ཁང་གིས་ལྕམ་སུ་ཅི་ལ། ཁོང་གི་ཚོགས་པས་ཚོགས་པའི་ལས་ཁུངས་ཁག་བཙུགས་པ་དང༌། ཚོགས་འདུ་སྐོང་ཚོགས་དང་འབྲེལ་བསྒྲགས་གཏམ་སོགས་སྤེལ་གྱི་ཡོད་པ་དེ་ཚོ་ཁྲིམས་འགལ་ཡིན་པའི་བརྡ་ཐོ་ཞིག་བཏང་ཡོད་སྐོར་འབར་མའི་འོད་སྣང་གསར་པ་ཞེས་པའི་གསར་ཤོག་ནང༌གནས་ཚུལ་སྤེལ་བཞག། གོང་ཞུས་བརྡ་ཐོ་དེའི་ནང༌། ཨོང་སན་སུ་ཅིའི་ཚོགས་པས་ དམངས་གཙོ་ཡང་དག་པ་ཞིག་ལག་བསྟར་གནང་འདོད་ཡོད་ཚེ། ཡུལ་གྱི་ཞི་བདེ་སྲ་བརྟན་ལ་གནོད་འཚེ་མི་ཡོང་བ་དང༌། ཁྲིམས་ཀྱི་དབང་སྒྱུར་དང་མང་ཚོགས་ཀྱི་ཆིག་བསྒྲིལ་ནུས་པར་དོ་ཕོག་ཐེབས་གཞིའི་ལས་དོན་རིགས་མཚམས་འཇོག་བྱེད་དགོས་ཀྱི་རེད་ཅེས་མཐའ་ཚིག་བསྒྲགས་ཡོད་པ་རེད། ལྕམ་ སུ་ཅི་མཆོག་ལོ་བདུན་རིང་བཟང་བཙོན་འོག་བཞུགས་པའི་རྗེས་སྔ་ལོ་ཕྱི་ཟླ་༡༡པའི་ནང་དྲག་པོའི་སྲིད་གཞུང་གིས་རང་དབང་གློད་བཀྲོལ་བཏང་ཡོད་ནའང༌། ཁོང་གི་འབར་མ་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཐོག་ ད་ལྟའི་སྲིད་གཞུང་གིས་དམ་བསྒྲཌ་མུ་མཐུད་བྱ་མུས་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎