ལས་བྱེད་མཆོད་མཇལ་ལ་ཕྱིན་ན་ལས་གནས་ནས་ཕྱིར་ཕུད་གཏོང་རྒྱུ།


2014.04.29
བོད་ཀྱི་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གི་དགའ་ལྡན་ཆོས་འཁོར་གླིང་དགོན་པར་བོད་མི་ཚོ་མཆོད་མཇལ་བསྐྱོད་བཞིན་པ། ༢༠༡༤།༤།༢༤ བོད་ཀྱི་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གི་དགའ་ལྡན་ཆོས་འཁོར་གླིང་དགོན་པར་བོད་མི་ཚོ་མཆོད་མཇལ་བསྐྱོད་བཞིན་པ། ༢༠༡༤།༤།༢༤
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བོད་འབྱོར།

བོད་ཀྱི་གཞིས་རྩེ་རྣམ་གླིང་རྗོང་གི་ལས་བྱེད་རྣམས་མཆོད་མཇལ་ལ་ཕྱིན་ཚེ་ལས་གནས་ནས་ཕྱིར་ཕུད་གཏོང་རྒྱུའི་ཉེན་བརྡ་བཏང་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། སྤྱི་ཟླ་བཞི་པའི་ཚེས་༡༨་ཉིན་བོད་ཀྱི་གཞིས་རྩེ་རྣམ་གླིང་རྗོང་གི་འབྲེལ་ཡོད་ཚན་པས་བརྡ་ཁྱབ་ཞིག་བཏང་བའི་ནང་། རྣམ་གླིང་རྗོང་གི་ཁྱབ་ཁོངས་ཞིང་པ་མང་ཚོགས་ཁྲོད་ཀྱི་ལས་བྱེད་པ་རྣམས་ཤངས་དགའ་ལྡན་ཆོས་འཁོར་གླིང་དགོན་པར་མཆོད་མཇལ་ལ་འགྲོ་མི་ཆོག་པ་དང་། གལ་ཏེ་ཕྱིན་པ་ཡིན་ན་ལས་བྱེད་པའི་ལས་གནས་ནས་ཕྱིར་འབུད་གཏོང་རྒྱུ་ཡིན་པ་དང་། བུ་ཕྲུག་ཡོད་མཁན་ཚོའི་ཕྲུ་གུ་ཡང་སློབ་གྲྭ་ནས་ཕྱིར་འབུད་གཏོང་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད་འདུག གནས་ཚུལ་ལྟར་ན། དགའ་ལྡན་ཆོས་འཁོར་གླིང་དགོན་པར་སྔོན་རྒྱལ་དབང་སྐུ་ཕྲེང་བདུན་པ་མཆོག་གིས་སྲོལ་གཏོད་གནང་ནས་མ་ཎི་འབུམ་སྒྲུབ་ཚོགས་སྲོལ་ཡོད་པ་སྤྱི་ཟླ་བཞི་པའི་ཚེས༢༤་ཉིན་གྲོལ་ནས་མི་མང་རྣམས་ལ་མཇལ་ཁ་གནང་བཞིན་པ་རེད།
དེ་བཞིན་འདི་ལོའི་སྤྱི་ཟླ་གསུམ་པའི་ནང་རྒྱ་ནག་གིས་གཞུང་ལམ་རྒྱ་བསྐྱེད་དང་། འཛུགས་བསྐྲུན་ལས་གཞིའི་འོག་ས་གནས་བོད་མིའི་ས་ཞིང་བཙན་འཕྲོག་བྱས་པའི་ཐད་བོད་མི་མང་ཚོགས་ཀྱིས་ངོ་རྒོལ་བྱས་པའི་རྗེས་བདེ་ཆེན་མཚོ་ལབ་གྲོང་ཚོའི་མི་གྲངས་༡༨་ཙམ་འཛིན་བཟུང་བྱས་བཙན་ཁྲིད་བྱས་པའི་གནས་ཚུལ་འབྱོར་བྱུང་།
གཞིས་རྩེ་རྣམ་གླིང་རྫོང་དེར་གནས་ཚུལ་འབྱོར་བ་ལྟར་ན། ཡུལ་ཚོ་༼ཤང་༽༡༧ཡོད་པ་དང་། ཡུལ་ཚོ་དེ་དག་གི་ཁོངས་ནས་ཨེ་མར། རྒྱ་མཚོ། ཆུམ། རྣམ་གླིང་། ལྷ་ཕུ། འུ་ཡུག་སོག་ཆེན། ཐོབ་རྒྱལ། མཁར་རྩེ། མང་ར་བཅས་སུ་ཉེ་བའི་ནང་རྒྱ་ནག་གཏེར་འདོན་ཚན་པ་ཁག་གིས་གཏེར་ཁ་སྔོག་འདོན་བྱས་དང་བྱེད་བཞིན་པར་ས་གནས་བོད་མིར་དཀའ་ངལ་འདྲ་མིན་འཕྲད་བཞིན་པ་ཡང་ངོ་སྤྲོད་བྱས་བྱུང་།

གསར་འགོད་པ་ཀརྨ་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་གི་ས་ཡོམ་དང་འབྲེལ་དྲྭ་ཐོག་གནས་ཚུལ་སྤེལ་མཁན་ ༢༡ ལ་ཞིབ་དཔྱོད་དང་ཉེས་ཆད་བཅད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཀརྨ་ཚེ་བརྟན་ལགས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་འགོ་ཁྲིད་དུ་བདམས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎