བལ་ཡུལ་གྱི་རྩ་ཁྲིམས་བཟོ་བཅོས་ཡོང་བཟོ་མེད་པའི་དཀའ་ངལ།

བལ་ཡུལ་གྱི་རྩ་ཁྲིམས་ཟིན་བྲིས་ཀྱི་ལས་དོན་གཉིས་ཀ་དུས་ཐོག་ལེགས་གྲུབ་ཡོང་བཟོ་མེད་པའི་རྣམ་པ་ཕྱོགས་གང་ས་ནས་ཐོན་བཞིན་པ་རེད།

2012.02.02

༄༅༎བལ་ཡུལ་ནང་སྲིད་དོན་ཚོགས་པ་ཁག་གིས་དབང་ཆའི་འཐབ་རྩོད་ཁོ་ནར་དུས་འདས་ཏེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁྲིམས་བཟོའི་འཐུས་མིའི་ལྷནཚོགས་ཀྱི་ལས་ཡུན་ཕར་འགྱངས་མཐའ་མ་དེའི་ནང་ཚུད་ཞི་འགྲིག་དང་།     རྩ་ཁྲིམས་ཟིན་བྲིས་ཀྱི་ལས་དོན་གཉིས་ཀ་དུས་ཐོག་ལེགས་གྲུབ་དགོས་པའི་བཀོད་ཁྱབ་བཏང་ཟིན་པ་ལྟར། ཡོང་བཟོ་མེད་པའི་རྣམ་པ་ཕྱོགས་གང་ས་ནས་ཐོན་བཞིན་པ་རེད།   
ཞི་འགྲིག་ལས་དོན་གྱི་འགག་རྩ་གཅིག་ནི།    དམར་ཤོག་མའོ་ཚོགས་པའི་དྲག་འཐབ་པ་རྣམས་ཀྱི་འགྲོ་སྟངས་བཟོ་རྒྱུ་ཡིན་ཞིང་། མའོའི་དྲག་འཐབ་པའི་ཁོངས་ནས་རང་མོས་ལྟར་གཞུང་གི་གསོལ་བསྩལ་མ་དངུལ་ཞུས་ཏེ་རང་སར་ཕྱིར་ལོག་བྱེད་མཁན་དང་། བལ་ཡུལ་གཞུང་གི་སྲུང་སྐྱོབ་ཚན་པའི་ཁོངས་སུ་ཟླ་བསྒྲིལ་བྱ་བློ་ཡོད་རིགས་གཉིས་དབྱེ་འབྱེད་ཁ་གསལ་ཟིན་ཡང་རང་སར་ཕྱིར་ལོག་བྱེད་བློ་ཡོད་རིགས་མི་གྲངས་བདུན་སྟོང་སུམ་བརྒྱ་དྲུག་ཅུ་རེ་ལྔ་བྱུང་བ་དེ་དག་ཟླ་བ་སྔོན་མའི་ཟླ་མཇུག་ཏུ་ཕྱིར་ལོག་བཏང་ཟིན་པ་དགོས་ཀྱང་།ད་དུང་ཀ་ཀོར་བཤད་དེ་ཕྱིར་ལོག་ཐུབ་མེད་པ་རེད།    མའོའི་དྲག་འཐབ་པའི་ཁོངས་ནས་རང་མོས་ལྟར་གཞུང་གི་གསོལ་བསྩལ་མ་དངུལ་ཞུས་ཏེ་རང་སར་ཕྱིར་ལོག་བྱེད་མཁན་ཚོའི་བསམ་བཏང་དྲན་སྐྱེས་ལྟ་བུའི་དགོས་འདུན་ཁག་གཉིས་བཏོན་པ་ནི།
དང་པོར་མའོ་དྲག་འཐབ་པའི་ཁོངས་ནས་རང་མོས་ལྟར་གཞུང་གི་གསོལ་སྩལ་མ་དངུལ་ཞུས་ཏེ་རང་སར་ཕྱིར་ལོག་བྱེད་མཁན་ཚོར་གཞུང་གི་བསྔགས་བརྗོད་ཀྱི་ལག་འཁྱེར་རེ་སྤྲོད་དགོས་པ་དང་།    གཉིས་པར་བལ་ཡུལ་གཞུང་གིས་མའོའི་དྲག་འཐབ་པའི་ཁོངས་ནས་རང་མོས་ལྟར་གཞུང་གི་གསོལ་བསྩལ་མ་དངུལ་ཞུས་ཏེ་རང་སར་ཕྱིར་ལོག་བྱེད་མཁན་ཚོར་མ་དངུལ་ནེ་སྒོར་འབུམ་ལྔ་ནས་བརྒྱད་བར་གསོལ་སྩལ་གནང་རྒྱུར་གཏན་འཁེལ་ཟིན་ཡང་གཞུང་ནས་གསོལ་བསྩལ་མ་དངུལ་དེ་དག་ལ་གཞུང་གི་ཡོང་འབབས་ཁྲལ་འབུལ་མི་དགོས་པར་དམིགས་བསལ་གཏོང་དགོས་པའི་དགོས་འདུན་བཏོན་གྱི་ཡོད་པ་རེད།    འོན་ཀྱང་བལ་ཡུལ་གྱི་ཕྱོགས་འགལ་སྲིད་དོན་ཚོགས་པ་ཁག་གིས་བལ་ཡུལ་མི་སེར་ཡོངས་རྫོགས་སྤྱི་འདྲེ་སྤྱི་མཚུངས་ཀྱི་ཡོང་འབབ་ལ་ཁྲལ་འབུལ་དགོས་པ་ལས། དམིགས་བསལ་གཏོང་རྒྱུ་ཁྲིམས་མཐུན་ཆགས་ཀྱི་མེད་པའི་དགག་པ་རྒྱག་གི་ཡོད་པ་རེད།    གང་ལྟར་བལ་ཡུལ་གྱི་ཞི་འགྲིག་དང་རྩ་ཁྲིམས་ཟིན་བྲིས་དུས་ཐོག་འགྲུབ་རྒྱུར་སྲིད་དོན་ཚོགས་པ་ཆེ་ཁག་བཞིའི་དབར་མོས་མཐུན་ཡོང་དཀའ་བ་སྨོས་མེད་ཁར།    སྲིད་དོན་ཚོགས་པ་བྱེ་བྲག་པ་གཅིག་ནང་ཁུལ་ཡང་མོས་མཐུན་ཡོང་དཀའ་བའི་གནས་སྟངས་དང༌། ཕྱོགས་མཚུངས་སྲིད་དོན་ཚོགས་པ་ཕན་ཚུན་ཡིད་ཆེས་མེད་པའི་དཀའ་ངལ་ཡོད་ཀྱང་ད་ནི་ལས་དོན་ལ་དངོས་སུ་ཞུགས་ནས་གྲུབ་འབྲས་ལ་འབད་འབུངས་བྱ་རྒྱུའི་དུས་ལ་བབ་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་གི་ས་ཡོམ་དང་འབྲེལ་དྲྭ་ཐོག་གནས་ཚུལ་སྤེལ་མཁན་ ༢༡ ལ་ཞིབ་དཔྱོད་དང་ཉེས་ཆད་བཅད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཀརྨ་ཚེ་བརྟན་ལགས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་འགོ་ཁྲིད་དུ་བདམས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎