རྒྱ་ནག་གི་འཆར་གཞིར་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ།

རྒྱ་གཞུང་གིས་སྟོན་པའི་འཁྲུངས་ཡུལ་གནས་མཆོག་ལུམ་བི་ནི་ཉམས་གསོ་དང་རྒྱ་སྐྱེད་གཏང་འཆར་དེར་བལ་ཡུལ་གཞུང་གིས་ཁས་ལེན་མི་བྱས།

2011.07.30

༄༅༎བལ་ཡུལ་ཐོག་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར་གྱི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་ཡོད་ན་ཡང་རྒྱ་ནག་གཞུང་གིས་སྟོན་པ་ཤཱཀྱ་ཐུབ་པའི་འཁྲུངས་ཡུལ་གནས་མཆོག་ལུམ་བི་ནི་ཉམས་གསོ་དང་རྒྱ་སྐྱེད་གཏང་རྒྱུའི་འཆར་གཞི་དེ་བལ་ཡུལ་གཞུང་གིས་ཕྱིར་ལོག་བྱས་འདུག

ཟླ་བ་གཅིག་གི་ཙམ་གྱི་སྔོན་ རྒྱ་ནག་གཞུང་གི་རྒྱབ་གཉེར་ཡོད་པ་ ཧོང་ཀོང་ནང་རྟེན་གཞི་བྱེད་པའི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་འབྲེལ་མཐུད་ཐེབས་རྩ་ཞེས་པ་རོགས་ཚོགས་ཤིག་ནསགནས་མཆོག་ལུམ་བི་ནི་ཉམས་གསོ་དང་རྒྱ་སྐྱེད་གཏང་རྒྱུའི་འཆར་གཞིའི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ནང་ཤུགས་ཆེ་ཐོན་ཡོད་ཀྱང་གཟའ་ཕུར་བུའི་ཉིན་བལ་ཡུལ་གཞུང་གིས་ ཡུལ་གྲུ་གསུམ་པ་ཞིག་གིསབལ་ཡུལ་ནང་འཛུགས་བསྐྲུན་ཡར་རྒྱས་ཀྱི་ལས་དོན་སྤེལ་རྒྱུར་ཆོག་ཆན་སྤྲོད་ཐབས་མེད་པ་བརྗོད་ཡོད་པ་རེད།

གནས་མཆོག་ལུམ་བི་ནི་ནི་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མནའ་བཤུལ་དངོས་རྫས་བདག་གཅེས་བྱེད་པའི་ཁོངས་ཀྱི་གནས་ཤིག་ཡིན་ཞིང་རྒྱ་ནག་གཞུང་འབྲེལ་གྱི་རོགས་ཚོགས་དེ་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དབར་ ཌོ་ལར་ཐེར་འབུམ་གསུམ་ཙམ་གྱི་འགྲོ་གྲོན་གནས་རྒྱུའི་གནས་མཆོག་ལུམ་བི་ནི་ཡར་རྒྱས་གཏང་རྒྱུར་གྲོས་མཐུན་ཡིག་ཆར་མིང་རྟགས་བཀོད་ཡོད་ཀྱང་གཟའ་ཕུར་བུའི་ཉིན་བལ་ཡུལ་གྱི་རིག་གཞུང་ལྷན་ཁང་གི་དྲུང་ཆེ་མོརྡ་རའཇ་ཌོ་ཀྲེལ་གྱིས་གསར་འགོད་པ་ཚོརབལ་ཡུལ་གཞུང་ཕྱོགས་ནས་རྒྱ་ནག་གཞུང་འབྲེལ་གྱི་རོགས་ཚོགས་དེ་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛུགས་བསྐྲུན་ལས་དོན་ཁང་གཉིས་ཀྱི་དབར་བཞག་པའི་གྲོས་མཐུན་དེའི་སྐོར་གཞུང་འབྲེལ་གྱི་ཐོག་ནས་ཤེས་རྟོགས་གང་ཡང་མེད་པར་མ་ཟདལུམ་བི་ནི་ཆགས་ཡུལ་བལ་ཡུལ་གཞུང་དང་ཐད་ཀར་འབྲེལ་བ་མེད་པར་སྒྲིག་འཛུགས་བྱེ་བྲག་པ་གཉིས་ཀྱི་དབར་བཞག་པའི་གྲོས་མཐུན་དེརབལ་ཡུལ་གཞུང་ཕྱོགས་ནས་བརྩི་བཀུར་བྱེད་ཐབས་མེད་པ་ཞིག་ཡིན་པ་བརྗོད་འདུག།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛུགས་བསྐྲུན་ལས་དོན་ལྷན་ཁང་དང་རྒྱ་ནག་གཞུང་འབྲེལ་གྱི་རོགས་ཚོགས་དེ་གཉིས་དབར་གྱི་གྲོས་མཐུན་དེར་མིང་རྟགས་བཀོད་ཡུལ་རྒྱ་ནག་གི་རྒྱལ་ས་པེ་ཅིང་ཡིན་པ་དང་བལ་ཡུལ་ནང་མི་མང་པོ་ཞིག་གིས་དེ་ནི་རྒྱ་ནག་གཞུང་གིས་བལ་ཡུལ་གྱི་མངའ་དབང་ལ་རྩིས་མེད་གཏོང་ཐབས་བྱེད་པའི་བྱ་སྤྱོད་ཞིག་ཡིན་པ་བརྗོད་བཞིན་ཡོད་ལབལ་ཡུལ་ཕྱི་སྲིད་ལས་ཁུངས་ཀྱིས་ཀྱང་གནས་ཡུལ་རྒྱལ་ཁབ་ལ་གྲོས་འདྲི་ཙམ་ཡང་མེད་པའི་ཐོག་ནས་བཞག་པའི་གྲོས་མཐུན་དེརབལ་ཡུལ་གཞུང་གི་ངོས་ནས་ནམ་ཡང་ངོས་ལེན་བྱེད་ཐབས་མེད་པ་ཞིག་རེད་ཅེས་བརྗོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎