ཞྭ་དམར་རིན་པོ་ཆེའི་སྐུ་ཕུང་ཞུགས་འབུལ་ཆོག་པའི་བཀའ་ཁྲོལ།

2014-07-30
གློག་འཕྲིན།
མཆན།
Share
པར་བཀོད།
ཞྭ་དམར་རིན་པོ་ཆེའི་སྐུ་ཕུང་གདན་འདྲེན་ཞུ་བཞིན་པ།
ཞྭ་དམར་རིན་པོ་ཆེའི་སྐུ་ཕུང་གདན་འདྲེན་ཞུ་བཞིན་པ།
ཞྭ་དམར་ངོ་དེབ།

2014-07-29

བལ་ཡུལ་གཞུང་གིས་ད་བར་འགོར་འགྱངས་བྱས་མཐར་ཞྭ་དམར་རིན་པོ་ཆེའི་སྐུ་ཕུང་ཞུགས་འབུལ་ཆོག་པའི་བཀའ་ཁྲོལ་གནང་འདུག
དེ་ཡང་ཞྭ་དམར་སྐུ་ཕྲེང་བཅུ་བཞི་པ་མི་ཕམ་ཆོས་ཀྱི་བློ་གྲོས་མཆོག་ཉེ་ཆར་ཕྱི་ཟླ་དྲུག་པའི་ཚེས་༡༡ཉིན་དགོངས་པ་རྫོགས་པའི་རྗེས། ཁོང་གི་རྗེས་འཇུག་པ་ཚོས་སྐུ་ཕུང་བལ་ཡུལ་དུ་ ཞུགས་འབུལ་ཞུ་རྒྱུའི་འཆར་གཞི་བྱས་ཀྱང་བལ་ཡུལ་གཞུང་གིས་ཆོག་མཆན་ཕྱིར་འཐེན་གྱིས་ད་བར་ཀ་ཀོར་བྱས་ཡོད་ཀྱང་ཚེས༢༩ཉིན་བལ་ཡུལ་གཞུང་གིས་ཞྭ་དམར་རིན་པོ་ཆེའི་སྐུ་ཕུང་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུའི་ཕྱི་ཕྱོགས་སུ་ཡོད་པའི་ཁོང་གི་དགོན་པར་ཞུགས་འབུལ་ཞུ་ཆོག་པའི་བཀའ་ཁྲོལ་གནང་ཡོད་པ་དང་། བཀའ་ཁྲོལ་དེ་ནི་བལ་ཡུལ་གཞུང་གི་བློན་ཆེན་ལྷན་ཁང་ནས་གནང་བ་ཡོན་སྐོར་བལ་ཡུལ་གྱི་དྲིལ་བསྒྲགས་བློན་ཆེན་སྐུ་ཞབས་Minendra Risal ནས་གསུང་ཡོད་པ་རེད།
ཞྭ་དམར་རིན་པོ་ཆེ་ནི་ཉེ་ཆར་དགུང་གྲངས་༦༢ ཐོག་Gemany དུ་མགུལ་སྙིང་གི་ཁྲག་རྩ་འགག་ཏེ་དགོངས་པ་རྫོགས་པའི་རྗེས་སྐུ་ཕུང་རྒྱ་གར་བྱང་ཤར་ཀ་ལོན་སྦུག་ཏུ་གདན་འདྲེན་ཞུས་པ་མ་ཟད། རྒྱ་གར་དུ་ཡོད་པའི་བལ་པོའི་གཞུང་ཚབ་ལ་སྐུ་ཕུང་བལ་ཡུལ་དུ་ཡོད་པའི་ཁོང་གི་དགོན་པར་ཞུགས་འབུལ་ཞུ་ཆོག་པའི་བཀའ་ཁྲོལ་ཞུས་པར་བལ་པོའི་གཞུང་ཚབ་ནས་དགག་བྱ་གང་ཡང་མེད་པའི་ཆོག་མཆན་སྤྲད་དེ་ཕྱི་ཟླ་བདུན་པའི་ཚེས་༡༣ ཉིན་བལ་ཡུལ་དུ་གདན་འདྲེན་ཞུ་རྒྱུའི་འཆར་གཞི་གནང་ཡོད་ཀྱང་བལ་ཡུལ་ནང་སྲིད་ལས་ཁུངས་ནས་ཞྭ་དམར་རིན་པོ་ཆེ་ནི་འབྲུག་པའི་མི་སེར་ཡིན་པ་བརྗོད་དེ་ཁོང་གི་སྐུ་ཕུང་བལ་ཡུལ་དུ་གདན་འདྲེན་ཞུ་མི་ཆོག་པའི་བཀག་འགོག་གནང་ཡོད་པ་རེད། དེར་བརྟེན་བལ་ཡུལ་གཞུང་གི་བྱེད་བབ་དེར་སྐྱོན་བརྗོད་ཞུ་མཁན་གྱིས། བལ་ཡུལ་གཞུང་ལ་བལ་ཡུལ་དུ་ཞྭ་དམར་རིན་པོ་ཆེའི་སྐུ་ཕུང་གདན་འདྲེན་ཞུ་རུ་བཅུག་ན་སྐུ་ཕུང་ཞུགས་འབུལ་སྐབས་མི་དམངས་འདུ་འཛོམས་བྱས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་རིགས་སྤེལ་བའི་འཇིགས་སྣང་བྱས་པ་ཞིག་ཡིན་ལུགས་ངོས་འཛིན་གནང་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

2014-07-23

ཞྭ་དམར་རིན་པོ་ཆེའི་སྐུ་ཕུང་བལ་ཡུལ་ནང་གདན་ཞུ་ཆོག་མཆན་མ་གནང་ཚེ་སྐུ་ཕུང་རྒྱ་གར་ཀ་ལོན་པོང་ནང་ཞུགས་འབུལ་ཞུ་རྒྱུ་ཡིན་འདུག
དེ་ཡང་ཞྭ་དམར་རིན་པོ་ཆེ་འམ་མི་ཕམ་ཆོས་ཀྱི་བློ་གྲོས་མཆོག། ཉེ་སྔོན་ཕྱི་ཟླ་༦པའི་ཚེས་༡༡ཉིན་ཇར་མན་དུ་དགོངས་པ་རྗོགས་ཡོད་པ་དང་། ཁོང་གི་སློབ་མ་རྣམས་ནས་རིན་པོ་ཆེའི་ཞལ་ཆེམས་ལྟར། ཁོང་གི་སྐུ་ཕུང་བལ་ཡུལ་ནང་རྟེན་གཞི་བྱས་པའི་གང་གི་གདན་ས་ཤར་མི་ནུབ་དགོན་པར་ཞུགས་འབུལ་གནང་ཆེད་བལ་ཡུལ་གཞུང་ལ་སྐུ་ཕུང་བལ་ཡུལ་དུ་གདན་འདྲེན་ཞུ་རྒྱུའི་ཆོག་མཆན་ཞུས་པ་བཞིན་བཀའ་ཁྲོལ་གནང་ཡོད་ཀྱང་། རྗེས་སུ་བལ་གཞུང་ནས་ཞྭ་དམར་རིན་པོ་ཆེ་འབྲུག་གི་མི་སེར་ཡིན་པ་དང་། བལ་ཡུལ་གྱི་ཁྲིམས་ལུགས་ནང་ཕྱི་རྒྱལ་གྱི་མིའི་ཕུང་པོ་བལ་ཡུལ་ནང་འཁྱེར་ནས་ཞུགས་འབུལ་གྱི་བྱེད་སྒོ་སྤེལ་བའི་ཆ་རྐྱེན་མེད་ལུགས་བརྗོད་དེ་བཀའ་ཁྲོལ་ཕྱིར་འཐེན་བྱས་ཡོད་པ་རེད། ཁ་ས་ཚེས་༢༢ཉིན་ཞྭ་དམར་རིན་པོ་ཆེའི་ཆོས་ཚོགས་ཀྱིས་གནས་ཚུལ་སྤེལ་དོན། རིན་པོ་ཆེའི་སློབ་མ་རྣམས་ནས་བལ་ཡུལ་གཞུང་ལ་རིན་པོ་ཆེ་མཆོག་གི་སྐུ་ཕུང་བལ་ཡུལ་དུ་ཞུགས་འབུལ་ཆོག་གི་མེད་པའི་ཐག་གཅོད་ལ་བསྐྱར་ཞིབ་ཀྱི་འབོད་སྐུལ་ཞུས་པ་བཞིན་དེར་བལ་ཡུལ་གཞུང་གི་བཟང་ཕྱོགས་ཀྱི་ཡ་ལན་ངང་སྒུག་གནང་བཞིན་པ་དང་། གལ་སྲིད་རིན་པོ་ཆེའི་སྐུ་ཕུང་བལ་ཡུལ་དུ་ཞུགས་འབུལ་གནང་རྒྱུའི་རྙོག་གླེང་སེལ་མ་ཐུབ་ཚེ་ཟླ་བ་འདིིའི་ཚེས་༣༡ཉིན་སྐུ་ཕུང་རྒྱ་གར་ཀ་ལོན་པོང་དུ་ཞུགས་འབུལ་གནང་རྒྱུ་ཡིན་པ་གནས་ཚུལ་སྤེལ་འདུག ད་ལྟའི་ཆར་ཞྭ་དམར་རིན་པོ་ཆེ་མཆོག་གི་སྐུ་ཕུང་དེ་བཞིན་ཀ་ལོན་པོང་དུ་རྟེན་གཞི་བྱས་པའི་སྡེ་བ་དཀར་ནང་ཆོས་སློབ་གཉེར་ལྟེ་གནས་ཁང་དུ་ཡོད་པ་རེད

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

2014-07-14

བལ་ཡུལ་གྱི་རྩ་ཁྲིམས་ནང་ཕྱི་མིའི་སྐུ་ཕུང་བལ་ཡུལ་ནང་འཁྱེར་ཡོང་ཆོག་མིན་ཐད་གསལ་བོ་གང་ཡང་མེད་པ་རེད་འདུག
ཨ་རིའི་ནིའུ་ཡོག་གསར་ཤོག་གིས་གནས་ཚུལ་སྤེལ་དོན། རྒྱ་ནག་གཞུང་གི་བལྟ་ཞིབ་འོག་བལ་ཡུལ་གཞུང་གིས་ཞྭ་དམར་རིན་པོའི་སྐུ་གདུང་བལ་ཡུལ་དུ་ཞུ་འབུལ་ཞུ་རྒྱུའི་ཆོག་མཆན་ཕྱིར་བསྡུ་བྱས་ཡོད་པ་དང་། དེའི་སྔོན་རྒྱ་གར་དུ་བལ་ཡུལ་གཞུང་ཚབ་ཀྱིས་ཞྭ་དམར་རིན་པོ་ཆེའི་སྐུ་གདུང་བལ་ཡུལ་དུ་གདན་ཞུ་ཞུགས་འབུལ་ཞུ་རྒྱུར་དགག་བྱ་མི་བྱེད་པའི་ཆོག་མཆན་ཡིག་ཆ་སྤྲད་ཡོད་ན་ཡང་ད་ལམ་བལ་ཡུལ་ནང་སྲིད་ལས་ཁུངས་ཀྱིས་བཀའ་བཏང་ནས་ཆོག་མཆན་ཕྱིར་འཐེན་བྱས་ཡོད་པ་རེད།  སྔོན་འཆར་ལྟར་ན་ཕྱི་ཚེས་༡༣གཟའ་ཟླ་བ་ཉིན་སྐུ་ཕུང་བལ་ཡུལ་དུ་གདན་ཞུ་བྱེད་རྒྱུ་ཡིན་པ་རེད།
ཡང་བལ་ཡུལ་གྱི་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།  རྒྱ་ནག་གཞུང་གི་གནོན་ཤུགས་འོག་བལ་ཡུལ་ནང་སྲིད་ལས་ཁུངས་ཀྱིས་ཆོག་མཆན་ཕྱིར་འཐེན་བྱས་པ་ཞིག་དང་། དེ་ཡང་སྐུ་ཕུང་གདན་ཞུ་སྐབས་བཞུགས་སྒར་རྡ་རམ་ས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཅིག་མཉམ་དུ་ཕེབས་རྒྱུ་ཡིན་པ་ཤེས་རྟོགས་བྱུང་བ་དང་། བལ་ཡུལ་དུ་བོད་མི་སྐྱབས་བཅོལ་བས་རྔམ་སྟོན་ཁྲོམ་སྐོར་བྱེད་འཆར་ཡིན་པ་རྐྱེན་ཡིན་སྐོར་བརྗོད་འདུག  འོན་ཀྱང་ཨ་རིའི་ནིའུ་ཡོག་གསར་ཤོག་གི་གསར་འགོད་པས་བཅར་འདྲིའི་སྐབས། བལ་ཡུལ་ནང་སྲིད་ལྷན་ཁང་གི་མགྲིན་ཚབ་པ་Laxmi Prasad Dhakalཟེར་བས། ཐོག་མར་ང་ཚོས་ཆོག་མཆན་སྤྲད་ཡོད་པ་རེད། འོན་ཀྱང་རིན་པོ་ཆེ་ལ་འབྲུག་གི་ལག་འཁྱེར་འཁྱེར་རྒྱུ་ཡོད་པ་ཤེས་རྟོགས་བྱུང་རྗེས་ཆོག་མཆན་ཕྱིར་འཐེན་བྱས་པ་རེད་ཅེས་བརྗོད་འདུག ད་དུང་ཁོང་གིས་ཟེར་ན།  བལ་ཡུལ་གྱི་རྩ་ཁྲིམས་ནང་ཕྱི་མིའི་སྐུ་ཕུང་བལ་ཡུལ་དུ་གདན་ཞུ་ཐད་ཆ་རྐྱེན་གང་ཡང་བཀོད་མེད་པར་བརྟེན་ཁྲིམས་ཐོག་ནས་དཀའ་ངལ་ཡོད་པ་ལས་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་ཆོག་མཆན་ཕྱིར་འཐེན་བྱས་པ་ཞིག་མ་རེད་ཅེས་བརྗོད་འདུག
ཞྭ་དམར་རིན་པོ་ཆེའི་སྐུ་ཕུང་ད་ལྟ་ལྡི་ལི་ཡོད་པ་དང་། ཞྭ་དམར་རིན་པོ་ཆེ་སྐུ་ཕྲེང་༡༤པ་མཆོག་ཁམས་སྡེ་དགེ་ཡུལ་དུ་སྤྱི་ལོ་༡༩༥༢ལོར་སྐུ་འཁྲུངས་པ་དང་། ད་ལྟ་དགུང་གྲངས་༦༢ལ་ཕེབས་ཡོད་པར་ཉེ་ཆར་ཇར་མི་ནེར་སྙིང་གི་ཁྲག་རྩ་འགག་ནས་སྐུ་གཤེགས་པ་དང་།  བལ་ཡུལ་དུ་གང་ཉིད་ཀྱི་དགོན་པ་ཡོད་པ་རེད།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

མཆན། (1)
Share

Lopsang

ནས། Chains

k

Jul 22, 2014 01:42 AM

དྲ་གནས་ཆ་ཚང༌།