བལ་ཡུལ་ནང་རྒྱ་ནག་གཅིག་གི་སྲིད་ཇུས་ཐད་ཁྲིམས་འཆཪ་ལམ་ལྷོངས་བྱུང་མེད་པ།


2019.07.01
བལ་ཡུལ་ནང་བོད་མིས་ངོ་རྒོལ་དང་ཉེན་རྟོག་པས་འཛིན་བཟུང་། ༢༠༠༨།༨།༩ བལ་ཡུལ་ནང་བོད་མིས་ངོ་རྒོལ་དང་ཉེན་རྟོག་པས་འཛིན་བཟུང་། ༢༠༠༨།༨།༩
Lhuboom/RFA

བལ་ཡུལ་གཞུང་གིས་བལ་པོའི་གསར་འགོད་པ་ཚོས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་བོད་དོན་དང་འབྲེལ་བའི་གནས་ཚུལ་རིགས་སྤེལ་རྒྱུར་བཀག་འགོག་དང་སྟངས་འཛིན་བྱེད་ཐབས་བྱེད་བཞིན་འདུག
བལ་ཡུལ་གཞུང་གིས། རྒྱ་ནག་གཅིག་གི་སྲིད་བྱུས་བརྟན་བཟུང་གི་རྣམ་པས་བལ་པོའི་གསར་འགོད་པ་ཚོས། རྒྱ་ནག་ལ་སྐྱོན་བརྗོད་ཀྱི་གནས་ཚུལ་རིགས་སྤེལ་རྒྱུར་བཀག་འགོག་སྟངས་འཛིན་བྱེད་ཐབས་བྱེད་བཞིན་པ་དང་། ལྷག་པར་བོད་དང་འབྲེལ་བའི་གནས་ཚུལ་སྤེལ་རྒྱུར་བཤོལ་འདེབས་གང་ཐུབ་བྱེད་ཀྱི་ཡོད་ཅིང་། དེའི་ཁར་ད་དུང་བལ་ཡུལ་གཞུང་གིས་དེ་འབྲེལ་གྱི་ཁྲིམས་འཆར་ཞིག་འདོན་རྩིས་ཀྱི་ཟིན་བྲིས་ནང་། བལ་གཞུང་ལ་རྙོག་གྲ་བཤད་པ་དང་ཁ་མཆུ་བརྒྱབ་རིགས་བྱུང་ཚེ། ལོ་ལྔའི་བཙོན་འཇུག་དང་བལ་སྒོར་འབུམ་བཅོ་ལྔ་ཙམ་གྱི་ཆད་པ་གཅོད་རྒྱུ་བཅས་འཁོད་ཡོད་ནའང་། ཁྲིམས་འཆར་དེ་ལ་ངོ་རྒོལ་གྱིས་གཏན་འབེབས་གང་ཡང་ཐུབ་མེད་པ། བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཞོན་བཟང་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་གསལ་བཤད་གནང་ཡོད་པ་རེད།
ཁོང་གིས། ཁྲིམས་འཆར་དེ་འབྱུང་འགྱུར་གཏན་འབེབས་བྱེད་ཐུབ་རྒྱུ་མིན་པ་དང་། ཁྲིམས་འཆར་གྱི་ནང་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོ་རྒོལ་བྱ་མི་འོས་པ་ལྟ་བུ་བཀོད་ཡོད་རྒྱུ་རེད་མ་གཏོགས། ད་ལྟའི་འཆར་བལ་པོའི་གཞུང་གིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་རིགས་བཀོད་མི་ཆོག་ཅེས་དམིགས་བསལ་བཀའ་བཏང་པ་གང་ཡང་མེད་པ་དང་། དེ་འདྲ་བཀའ་བཏང་བའི་དབང་དུ་བཏང་ནའང་ཉན་འཇོག་བྱེད་རྒྱུ་ཁག་པོ་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།
ཉེ་སྔོན་བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Pradip Yadav)་ལགས། ཡོ་རོབ་ནང་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ལ་ཞུགས་པར་བརྟེན། ཁོ་རང་བལ་བོའི་(Samajbadi)་སྲིད་དོན་ཚོགས་པའི་ཁོངས་ནས་གནས་སྐབས་ཕྱིར་ཕུད་བཏང་ཡོད་པ་མ་ཟད། ཡང་ཟླ་ཤས་སྔོན་བལ་པོའི་གཞུང་འབྲེལ་གྱི་གསར་ཤོག་(RSS)་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྡི་ལིའི་སྨན་ཁང་ནས་སྐུ་གཟུགས་གསལ་ཐང་གིས་རྡ་སར་ཕྱིར་ཕེབས་མཛད་པའི་སྐོར་བཀོད་པར་བལ་གཞུང་གིས་གསར་ཁང་དེའི་གསར་འགོད་པ་གསུམ་ལ་ཞིབ་བཤེར་ནན་པོ་བྱས་པ་སོགས་རྒྱ་ནག་གི་འདོད་བབ་དང་བསྟུན་མཁས་ཀྱིས་བལ་པོའི་གཞུང་གིས་བལ་ཡུལ་གྱི་ཚགས་པར་ཁག་ནང་བོད་ཀྱི་གནས་ཚུལ་བཀོད་སྤེལ་ཐད་ཧ་ཅང་ཡིད་གཟབ་བྱེད་བཞིན་ཡོད་ལ། ཡང་ཉེ་ཆར་ཨ་རིའི་མི་སེར་ཡིན་པ་སྤེན་པ་ཚེ་རིང་ཟེར་བ་ཞིག་བལ་ཡུལ་ནང་གི་རྒྱ་ནག་གཞུང་ཚབ་ཁང་གི་རེ་འདུན་ལྟར་བལ་ཡུལ་རྒྱལ་སྤྱིའི་གནམ་ཐང་ནས་ཕྱིར་འབུད་བྱས་པ་སོགས་ཕྱོགས་མང་པོ་ཞིག་ནས་བལ་ཡུལ་ནང་རྒྱ་ནག་གི་གནོན་ཤུགས་སྤྱི་དང་ལྷག་པར་དུ་བོད་དང་བོད་མི་དང་འབྲེལ་བའི་གནད་དོན་ཐད་བལ་ཡུལ་གཞུང་གི་ཐོག་རྒྱ་ནག་གི་གནོན་ཤུགས་ཧ་ཅང་དོད་པོས་ཆེ་རུ་འགྲོ་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་གིས་བལ་ཡུལ་ལ་དཔལ་འབྱོར་དང་ཆབ་སྲིད་ཀྱི་རོགས་རམ་ཤུགས་ཆེ་བྱེད་བཞིན་ཡོད་ཅིང་། རྒྱ་ནག་ཤིན་ཧ་གསར་ཁང་གི་གནས་ཚུལ་ལྟར་ན། སྤྱི་ལོ་༢༠༡༧དང་༡༨གཅིག་པུའི་ནང་རྒྱ་ནག་གཞུང་གིས་བལ་གཞུང་ལ་ཨ་སྒོར་ས་ཡ་༤༢༧་ཙམ་མཁོ་འདོན་མ་འཇོག་བྱས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་ས་ཡོམ་རྐྱེན་པས་གློག་འདོན་ཆུ་མཛོད་ཆེན་པོ་ལྔ་ལ་གས་སྲུབས་ཤོར་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་སྲིད་འཛིན་གསར་པས་རྒྱ་ནག་གི་མཉེན་ཆས་ཊིག་ཊོག་ (TikTok) ཨ་རིའི་ནང་བཀག་སྡོམ་གྱི་དུས་ཡུན་ཕར་འགྱངས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎