ལྷ་སའི་ནང་སློབ་ཕྲུག་ལ་སྤྱོད་རྒྱུའི་སྤྱི་སྤྱོད་རླངས་འཁོར།

བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་སློབ་གྲའི་སྐྱེལ་འདྲེན་མོ་ཊ་༥༣ཉོ་སྒྲུབ་བྱས་ཏེ་སློབ་ཕྲུག་སྐྱེལ་འདྲེན་བྱེད་རྒྱུ་འགོ་བཙུཌ།

2011.06.29

༄༅༎བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་སློབ་གྲའི་སྐྱེལ་འདྲེན་མོ་ཊ་Bus ༥༣ ཉོ་སྒྲུབ་བྱས་ཏེ། དེ་རིང་རེས་གཟའ་ལྷག་པ་ནས་སློབ་ཕྲུག་སྐྱེལ་འདྲེན་བྱེད་རྒྱུ་འགོ་བཙུགས་ཡོད་པའི་སྐོར་དེ་རིང་Chinanews.com ཞེས་པའི་རྒྱ་ནག་གི་དབྱིན་ཡིག་དྲ་རྒྱའི་ཐོག་གནས་ཚུལ་བཀོད་ཡོད་པ་རེད།

རྒྱ་ནག་གི་དྲ་རྒྱ་དེའི་ཐོག་གནས་ཚུལ་མུ་མཐུད་བཀོད་པའི་ནང༌། སློབ་གྲའི་སྐྱེལ་འདྲེན་མོ་ཊ་དེ་རྣམས་ལ་རྒྱ་མིའི་སྒོར་མོ་ས་ཡ་༡༣ དང་ཨ་རིའི་དངུལ་གྱི་འཛའ་ཐང་བྱས་ན། ཊོ་ལར་ས་ཡ་གཉིས་ཀྱི་རིན་འབབ་ཐོབ་ཡོད་ཚུལ་དང༌། སྐྱེལ་འདྲེན་མོ་ཊ་དེ་རྣམས་ནི། ལྷ་ས་གྲོང་ཁྱེར་གྱི་ས་ཁུལ་ཁག་བདུན་དང་རྫོང་གཅིག་གི་སློབ་ཆུང་དང་དམའ་འབྲིང་སློབ་གྲའི་སློབ་མ་རྣམས་སློབ་གྲ་དང་ནང་ཕར་ཚུར་སྐྱེལ་འདྲེན་བྱེད་རྒྱུ་ཡིན་པའི་སྐོར་བཀོད་ཡོད་པ་རེད། རྒྱ་ནག་གི་སྐྱེལ་འདྲེན་མོ་ཊ་བཟོ་སྐྲུན་ཚོང་ལས་ཁང་གིས་བཤད་དོན། སྐྱེལ་འདྲེན་མོ་ཊ་དེ་རྣམས་ནི། ཨ་མི་རི་ཀའི་སློབ་གྲའི་ སྐྱེལ་འདྲེན་མོ་ཊ་དང་སྤུས་ཚད་ལ་གཞི་བཅོལ་ཏེ་བཟོས་པ་དང༌། དེའི་བེད་སྤྱོད་དང་རྣམ་པ་གཉིས་ཀ་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་ སྐྱེལ་འདྲེན་མོ་ཊ་ལས་སྤུས་ཀ་ལེགས་པ་ཡོད་ཚུལ་དང༌། སྐྱེལ་འདྲེན་མོ་ཊ་ཡི་འཕྲུལ་རིག་ནི་རྒྱ་ནག་ནང་ནས་སྔོན་ཐོན་ཡིན་ཚུལ་བཤད་ཡོད་པ་རེད། སྐྱེལ་འདྲེན་མོ་ཊ་དེའི་བཟོ་ལྟ་ནི་མགོ་རིང་པོ་དང༌། ཚོད་གཞི་ནི་སེར་པོ་ཨ་མི་རི་ཀའི་སློབ་གྲའི་ སྐྱེལ་འདྲེན་མོ་ཊ་དང་འདྲ་བའི་ཁར་བརྡབ་སྐྱོན་གྱི་དོན་རྐྱེན་བྱུང་ན་འགན་སྲུང་ཐུབ་པའི་ཆ་རྐྱེན་ཡོད་པའི་སྐོར་བཤད་ཡོད་པ་རེད། རྩ་བའི་བོད་མཐོ་སྒང་ནི་ས་བབ་མཐོ་པོ་ཡོད་པ་དང༌། རླུང་ཤུགས་ཧ་ཅང་གི་ཆུང་དྲག་པའི་རྐྱེན་གྱིས་མོ་ཊའི་མེ་འབར་བར་དཀའ་ངལ་འཕྲད་ཀྱི་ཡོད་ཀྱང༌། སློབ་གྲའི་ སྐྱེལ་འདྲེན་མོ་ཊ་གསར་པ་དེ་ནི། རང་འགུལ་གྱིས་མོ་ཊའི་མེ་འབར་ཐུབ་པའི་འཕྲུལ་རིག་ཡོད་པ་མ་ཟད། མེ་དུས་ཚོད་རིང་བ་འདངས་ཐུབ་པ་དང༌། མོ་ཊའི་མེ་ཡང་སྔོན་ནས་སྤར་རྒྱུ་ཡོད་པ་སོགས་ཀྱི་ཆ་རྐྱེན་ཡོད་ཚུལ་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎