བོད་རྒྱ་འབྲེལ་མོལ་སླར་གསོ་དགོས་པའི་སྐུལ་མ་གནང་རྒྱུ་ཡིན།


2017.05.23
སྐུ་ཞབས་ (Terry Branstad)དང་རྒྱ་ནག་གི་སྲིད་འཛིན་ཞེ་གཉིས་མཇལ་སྐབས། ༢༠༡༣ སྐུ་ཞབས་ (Terry Branstad)དང་རྒྱ་ནག་གི་སྲིད་འཛིན་ཞེ་གཉིས་མཇལ་སྐབས། ༢༠༡༣
དྲ་བཤུས། /AFP

ཟླ་བ་འདིའི་ཚེས་ ༢༢ ཉིན་ཨ་རིའི་གྲོས་ཚོགས་གོང་མས་རྒྱ་ནག་ཏུ་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་བྱ་རྒྱུར་མོས་མཐུན་ཆོག་མཆན་གནང་བའི་སྐུ་ཞབས་ (Terry Branstad) གིས་རྒྱ་ནག་གི་འགོ་ཁྲིད་ཚོར་དོན་དམ་ལྡན་པའི་བོད་རྒྱ་འབྲེལ་མོལ་སླར་གསོ་དགོས་པའི་སྐུལ་མ་གནང་རྒྱུའི་ཁས་ལེན་གནང་འདུག
དེ་ཡང་ཨ་རིའི་ནང་གཞུང་བརྗེ་པོ་ཐེབས་པའི་རྗེས། སྲིད་འཛིན་གསར་པས་གཞུང་གི་དཔོན་རིགས་མཐོ་གྲས་བསྐོ་བཞག་བྱེད་སྐབས་གྲོས་ཚོགས་གོང་འོག་གཉིས་ཀྱི་མོས་མཐུན་ཆོག་མཆན་ཐོབ་དགོས་ཀྱི་ཡོད་པ་ལྟར། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སྐུ་ཞབས་ (Terry Branstad) རྒྱ་ནག་ཏུ་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་གནང་ན་འགྲིག་དང་མི་འགྲིག་ཐག་གཅོད་གནང་རྒྱུའི་ཉན་ཞིབ་ཞིག་གནང་སྟེ། སྐབས་དེར་གྲོས་ཚོགས་འཐུས་མིས་དྲི་བར་ལན་འདེབས་གནང་བའི་སྐབས། སྐུ་ཞབས་ (Terry Branstad) གྱིས། གལ་སྲིད་ངོས་རང་རྒྱ་ནག་ཏུ་གཞུང་ཚབ་ཆེན་མོར་བསྐོ་བཞག་བྱུང་བ་ཡིན་ན། ངོས་ནས་རྒྱ་ནག་གི་དཔོན་རིགས་ཚོར་༧གོང་ས་ཏཱ་ལའི་བླ་མ་འམ། ཡང་ན་ཁོང་གི་སྐུ་ཚབ་ལྷན་དུ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་དོན་དམ་ལྡན་པའི་གྲོས་མོལ་གནང་དགོས་པའི་ནན་སྐུལ་བྱེད་ཀྱི་ཡིན་ཞེས་དང༌། ཡང་ཁོང་གིས་མུ་མཐུད་དུ། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ཀྱི་སྐྱོང་བའི་ལམ་ལུགས་ཆེས་ཞན་པོ་ཡོད་པ་དེར་ངོས་ཀྱིས་བློ་འཚབ་ཆེན་པ་བྱེད་ཀྱི་ཡོད། དེ་འདྲ་ཡིན་ཙང་གལ་སྲིད་གཞུང་ཚབ་ཆེན་མོར་བསྐོ་བཞག་བྱུང་བ་ཡིན་ན། ངོས་ནས་རྒྱ་ནག་གི་འགོ་ཁྲིད་རྣམ་པའི་ལྷན་དུ་བོད་མིའི་ཆོས་དད་སྤྱི་དང་ལྷག་པར་དུ་སྤྲུལ་སྐུ་ངོས་འཛིན་བྱེད་རྒྱུའི་གནད་དོན་ལ་ཐེ་བྱུས་མི་ཡོང་བ་དང༌། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་ཕྱི་མི་འགྲོ་བསྐྱོད་མི་ཆོག་པའི་དམ་དྲག་ཆེན་པོ་བྱེད་བཞིན་པར་བརྟེན། ངོས་ནས་གྲོང་ཁྱེར་ལྷ་སའི་ནང་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་ཤིག་འཛུགས་ཐུབ་པ་ཡོང་རྒྱུར་རྒྱ་ནག་གི་འགོ་ཁྲིད་ཚོར་རེ་སྐུལ་ཞུ་གི་ཡིན་ཞེས་གསུངས་ཡོད་པ་རེད།

གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་རྣམས་ནས་གོ་སྐབས་ནམ་བྱུང་ལ་བོད་དོན་དྲིལ་བསྒྲགས་གནང་གལ་ཆེ་བ་ཡིན་ཞེས། སྲིད་སྐྱོང་མཆོག་གིས་མོན་གྷོ་འདོད་རྒུ་གླིང་གི་མི་མང་་ལ་གསུངས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎