སྤྲོ་ཚིགས་དགོན་པའི་དགེ་བསྐོས་འཛིན་བཟུང་དང་བློ་བཟང་བསྟན་འཛིན་ལགས་བཙོན་གྲོལ།

2021.08.04
སྤྲོ་ཚིགས་དགོན་པའི་དགེ་བསྐོས་འཛིན་བཟུང་དང་བློ་བཟང་བསྟན་འཛིན་ལགས་བཙོན་གྲོལ། རྔ་བ་རྫོང་སྤྲོ་ཚིགས་དགོན་པའི་དགེ་བསྐོས་དཀོན་མེ་ལགས་དང་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་འཛིན་ལགས། ༼ཟླ་ཚེས་མི་གསལ
ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ།

རྔ་བ་རྫོང་སྤྲོ་ཚིགས་དགོན་པའི་དགེ་བསྐོས་དཀོན་མེ་ལགས་འཛིན་བཟུང་བཀག་ཉར་བྱས་འདུག་ལ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་འཛིན་མི་ལོ་བཅུའི་རྗེས་བཙོན་གྲོལ་བྱུང་འདུག
དེ་ཡང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཟླ་སྔོན་མའི་ཚེས་༢༠་ཡས་མས་སུ། རྔ་པ་རྫོང་སྤྲོ་ཚིགས་དགོན་པའི་དགེ་བསྐོས་དཀོན་མེ་ལགས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ད་ལྟ་མུ་མཐུད་དུ་བཀག་ཉར་བྱས་བསྡད་ཡོད་ཀྱང་། འཛིན་བཟུང་གི་རྒྱུ་མཚན་སོགས་ཁ་གསལ་མེད་པ་རེད་འདུག དགེ་བསྐོས་དཀོན་མེ་ལགས་ནི་དགུང་ལོ་༤༥་ཙམ་ཡིན་པ་དང་། སྤྲོ་ཚིགས་ཡུལ་ཚོའི་སྤྲོ་ཚིགས་སྡེ་བའི་གླང་ཚང་ནས་ཡིན་ཞིང་། ཆུང་དུས་ནས་སྤྲོ་ཚིགས་དགོན་པར་ཆོས་ཞུགས་བྱས་ཡོད་འདུག
གཞན་དེ་སྔ་རྒྱ་ནག་གཞུང་གིས་འཛིན་བཟུང་གིས་མི་ལོ་༡༣་ལ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པའི་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་འཛིན་ལགས་ཉིན་ཤས་སྔོན་བཙོན་གྲོལ་བྱུང་ཡོད་ཀྱང་། ཁོང་གི་གཟུགས་པོའི་གནས་སྟངས་སོགས་གསལ་པོ་ཤེས་རྟོགས་བྱུང་མེད་པ་རེད་འདུག
བློ་བཟང་བསྟན་འཛིན་ལགས་དེ་སྔ་ཕྱི་ལོ་༢༠༡༡་ལོའི་ཟླ་༣་ཚེས་༡༦་ཉིན་བློ་བཟང་ཕུན་ཚོགས་དམ་པས་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་རྗེས་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ལ་བསྙད་བཏགས་ནས་ལོ་དེའི་ཕྱི་ཟླ་༣་ཚེས་༢༣་ཉིན་འཛིན་བཟུང་བྱས་བ་དང་། ཕྱི་ཟླ་༨་ཚེས་༢༨་ཉིན་འབར་ཁམས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ལོ་༡༣་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་ཀྱང་ཉེ་ཆར་ལོ་༡༠་ལྷག་འདས་རྗེས་དུས་ཡུན་མ་ཚང་གོང་གློད་གྲོལ་བཏང་ནས་ཕ་ཡུལ་དུ་འབྱོར་ཡོད་འདུག

གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཀར་ཎ་ཀྲ་ཀ་མངའ་སྡེའི་རྫོང་ཁག་གི་བློན་ཆེན་ལ་རྒྱ་གར་དབུས་སའི་གཞུང་ནས་བོད་མིར་རྒྱབ་སྐྱོར་མཐུན་གྲོགས་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎