༧གོང་ས་མཆོག་དང་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་རྡོ་རྗེ་གདན་དུ་མཇལ་མོལ།


2020.01.08
༧གོང་ས་མཆོག་དང་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་རྡོ་རྗེ་གདན་དུ་མཇལ་མོལ་སྐབས། ༢༠༢༠།༡།༨ ༧གོང་ས་མཆོག་དང་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་རྡོ་རྗེ་གདན་དུ་མཇལ་མོལ་སྐབས། ༢༠༢༠།༡།༨
OHHDL

རྒྱ་གར་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནེ་ཊེ་ཤི་ཀུ་མར་མཆོག་དང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་རྡོ་རྗེ་གདན་དུ་མཇལ་མོལ་གནང་འདུག
ཕྱི་ལོ་༢༠༢༠་ལོའི་ཟླ་༡་ཚེས་ ༨ ་རེས་གཟའ་ལྷག་པའི་ཉིན། རྒྱ་གར་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནེ་ཊེ་ཤི་ཀུ་མར་(Nitish Kumar)་མཆོག རྡོ་རྗེ་གདན་གྱི་དགའ་ལྡན་འཕེལ་རྒྱས་གླིང་གི་བཞུགས་གནས་ཕོ་བྲང་དུ་ཆེད་བཅར་གྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་བཅར་ཞུས་ནས་དུས་ཡུན་ཆུ་ཚོད་ཕྱེད་ཀ་ཙམ་གྱི་རིང་མཇལ་མོལ་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས། ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ལ་གསུངས་ཞོར་དུས་རབས་བརྒྱ་ཕྲག་འགའ་ཤས་རིང་རྒྱ་གར་གྱི་དཔལ་ནཱ་ལེནྡྲ་རིག་གཞུང་ལྟེ་གནས་དེ་སློབ་གཉེར་ཁང་རྙིང་གྲས་དང་རྩེ་ཕུད་ཀྱི་གྲས་སུ་བསྡད་ཡོད། དེ་ནས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཧ་ཅང་མང་པོ་བྱུང་ཡོད་ལ་ཁོང་རྣམས་ནི་ཆོས་ཙམ་མིན་པར་སྤྱིར་སྟངས་ཤེས་ཡོན་གྱི་ཆ་ནས་ཀྱང་ཧ་ཅང་མཁས་པ་ཆེན་པོ་རེད། དེ་བས་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་རིག་གཞུང་ད་ལྟའི་དུས་རབས་འདིར་འབྲེལ་བ་ཆེན་པོ་ཡོད་པས་སླར་གསོ་གནང་རྒྱུ་དེ་ང་ཚོའི་ལས་འགན་ཡིན་པ་བཀའ་སྩལ་བ་དང་། དེ་ནས་ཐེངས་འདིའི་གནས་མཆོག་རྡོ་རྗེ་གདན་གྱི་ཆོས་འབྲེལ་རིང་མངའ་སྡེའི་གཞུང་དམངས་གཉིས་ཀྱིས་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་འདུག
ཐེངས་འདིར་དབུ་ཁྲིད་རྣམ་གཉིས་མཇལ་འཕྲད་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཀྱང་ལྷན་བཅར་ཞུས་འདུག
ཡང་ད་རེས་དགའ་ལྡན་ཕོ་བྲང་ཁྱབ་ཁོངས་ཏཱ་ལའི་བླ་མ་དགེ་རྩ་ཚོགས་པ་ནས་རྡོ་རྗེ་གདན་ཁུལ་གྱི་ཉམ་ཐག་སྤྲང་པོ་ལྔ་སྟོང་ལྷག་ལ་ཟས་དང་དངུལ་གྱི་སྦྱིན་པ་རྒྱ་ཆེ་གཏོང་ཡོད་པ་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པའི་དྲུང་ཆེ་འཇམ་དཔལ་ལྷུན་གྲུབ་ལགས་ནས་ངོ་སྤྲོད་གནང་བྱུང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་རྒྱ་གར་ནང་གདན་ས་ཁག་དང་སློབ་གྲྭ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་བོད་མི་རྒྱ་གར་མི་སེར་བཟོས་པ་ཚོའི་རྒྱ་ནག་གི་མི་སེར་ཐོབ་ཐང་དང་ས་ཆའི་ཐོབ་སྐལ་སོགས་གཞུང་བཞེས་གཏང་རྒྱུ་ཡིན་པ་བསྒྲགས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎