ཡོ་རོབ་ནང་གི་བཙན་བྱོལ་བོད་མི་ཚོར་རོགས་རམ་རྒྱབ་སྐྱོར་མི་ཡོང་བའི་རེ་སྐུལ་བྱས་འདུག


2019.12.16
ཡོ་རོབ་ནང་བོད་དོན་ལས་འགུལ་སྐབས། ༼ཟླ་ཚེས་མི་གསལ། ཡོ་རོབ་ནང་བོད་དོན་ལས་འགུལ་སྐབས། ༼ཟླ་ཚེས་མི་གསལ།
ICT Brussels

རྒྱ་ནག་གི་མི་དམངས་འཐུས་མི་ཚོཊ་ཆེན་གྱི་བོད་མིའི་སྐུ་ཚབ་ཚོགས་ཆུང་ཞིག་ཡོ་རོབ་ལ་འབྱོར་ནས་གཞུང་དང་སྒྲིག་འཛུགས་ཁག་ལ་བོད་མིའི་ཐོག་དམ་དྲག་བཀག་སྡོམ་ཡོང་ཐབས་ཀྱི་གནོན་ཤུགས་སྤྲོད་བཞིན་ཡོད་འདུག
དེ་ཡང་འདས་པའི་རེས་གཟའ་ཕུར་བུ་ནས་ཉི་མའི་བར་གྱི་ཉིན་གྲངས་བཞིའི་རིང་། ཡོ་རོབ་བྷེལ་ཇམ་ལ་ལྟ་སྐོར་དུ་འབྱོར་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཀྱི་ཚོགས་གཙོ་གཞོན་པ་ནོར་བུ་དོན་གྲུབ་ཀྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་གིས། བྷེལ་ཇམ་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་(Andre Flahuat)་དང་མཇལ་འཕྲད་དང་། དེ་རྗེས་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་(Els Van Hoof) སོགས་གཙོས་པའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་གྲོས་མོལ་གནང་ཡོད་པ་མ་ཟད། ས་གནས་ཀྱི་དཔོན་རིགས་དང་། ཆེད་མཁས་པ་ཁག་ཅིག་དང་ཐུག་འཕྲད་ཀྱིས་དགོངས་ཚུལ་བརྗེ་རེས་གནང་ཡོད་འདུག ནོར་བུ་དོན་གྲུབ་ལགས་ཀྱིས་བོད་ཐོག་རྒྱ་ནག་གི་སྲིད་ཇུས་ངོ་སྤྲོད་དང་འདས་པའི་ལོ་དྲུག་ཅུའི་ནང་དམངས་གཙོའི་བཅོས་སྒྱུར་བཏང་ནས། ད་ཆ་བོད་ནང་དེ་སྔ་བྱུང་མྱོང་མེད་པའི་ཡར་རྒྱས་བཏང་ཡོད་སྐོར་ངོ་སྤྲོད་བྱས་འདུག ཡང་ཁོང་གིས་བོད་དང་འབྲེལ་བའི་གནད་དོན་རིགས་རྒྱ་ནག་གི་གཞི་རིམ་རྩ་དོན་ལ་འབྲེལ་བ་ཡོད་པར་བརྟེན་བྷེལ་ཇམ་གྱིས་བོད་དང་འབྲེལ་བའི་གནས་ཚུལ་སྐོར་གཟབ་གཟབ་གནང་དགོས་རྒྱུ་དང་། ཏཱ་ལའི་བླ་མའི་ཕྱོཊ་གཏོགས་ཀྱི་འགོ་ཁྲིད་ཚོ་ཡུལ་དེར་འགྲོ་བསྐྱོད་བཀག་སྡོམ་དང་དེ་བཞིན་དེ་ཚོས་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་བར་རྒྱབ་སྐྱོར་གནང་ན་འགྲིག་རྒྱུ་མིན་པའི་གནོན་ཤུགས་སྤྲོད་ཐབས་བྱས་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་དེ་དང་འབྲེལ་བོད་མི་མང་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་སུ་བཅར་འདྲི་བྱས་བར། ཁོང་གིས་གནས་ཚུལ་དེ་གསར་བ་གང་ཡང་མ་རེད། རྒྱལ་སྤྱིའི་ནང་བོད་དོན་དང་ལྷག་དོན་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་རྒྱབ་སྐྱོར་དང་དགའ་མོས་བྱེད་མཁན་ཇེ་མང་ལ་འགྲོ་བཞིན་པར་བརྟེན། རྒྱ་ནག་གི་ཕྱོགས་ནས་སེམས་ཚབས་དང་མཉམ་དུ་ཕྱི་ཕྱོགས་སུ་ཚོང་དོན་སོགས་ཀྱི་མིང་འཁྱེར་ནས་སྐུ་ཚབ་ཚོགས་པ་འདྲ་མིན་བཏང་ཐོག་རྒྱ་ནག་གི་ཆབ་སྲིད་དྲིལ་བསྒྲགས་དང་། བོད་ནང་ཡར་རྒྱས་དང་བདེ་སྐྱིད་ཡོད་རབས་སོགས་བཤད་ནས་ཕྱིའི་གཞུང་དང་ཚོགས་སྡེ་ཁག་ལ་གནོན་ཤུགས་སྤྲོད་ཐབས་བྱེད་བཞིན་པའི་སྲིད་ཇུས་ཞིག་ཡིན་པ་རེད། ཡིན་ཡང་ང་ཚོའི་བདེན་པ་རྟོགས་མཁན་དང་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་མང་པོ་ཡོད་པས་ང་ཚོ་དངངས་སྐྲག་སྐྱེས་དགོས་དོན་མེད་པ་ངོ་སྤྲོད་གནང་བྱུང་།
བྷེལ་ཇམ་གཙོས་ཡོ་རོབ་གྱི་རྒྱལ་ཁབ་གཞན་མང་པོའི་ནང་དུ་བོད་མི་མང་པོ་ཡོད་པ་དང་། ཁོང་ཚོས་བོད་ཀྱི་རྩ་དོན་དང་འབྲེལ་བའི་ལས་འགུལ་སྤེལ་མུས་རེད་ལ། བྷེལ་ཇམ་གཞུང་གི་དཔོན་རིགས་དང་མི་དམངས་མང་དག་ཞིག་གིས་རྒྱབ་སྐྱོར་ཡང་གནང་མུས་ཡིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷོསི་ཊོན་གཟའ་མཇུག་བོད་ཡིག་སློབ་གྲྭ
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་བལ་ཡུལ་ལ་ཨ་སྒོར་ས་ཡ་ ༢༠ རོགས་སྐྱོར་བྱ་རྒྱུ་སོགས་དོན་ཚན་དགུ་ཅན་གྱི་གྲོས་མཐུན་ལ་མཚན་རྟགས་བསྐྱོན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎