རྒྱ་གར་གཞུང་གིས་ཕྱི་ནས་དམག་དོན་གོ་མཚོན་ཉོ་སྒྲུབ།

རྒྱ་ནག་གི་དམག་དོན་སྟོབས་ཤུགས་ལ་གདོང་ལེན་བྱ་དགོས་པར་བརྟེན་རྒྱ་གར་གཞུང་གིས་དམག་དོན་གོ་མཚོན་འབོར་ཆེན་ཞིག་ཉོ་སྒྲུབ།

2012.02.03

༄༅༎རྒྱ་གར་གཞུང་གིས་རྒྱལ་ཁབ་ནང་དམག་དོན་གོ་མཚོན་གཞི་རྒྱ་ཆེན་པོའི་ཐོག་ནས་བཟོ་བསྐྲུན་མ་ཐུབ་པ་དང་ ཕྱོགས་མཚུངས་རྒྱ་ནག་གིས་རྒྱ་བསྐྱེད་འགྲོ་བཞིན་པའི་དམག་དོན་སྟོབས་ཤུགས་ལ་གདོང་ལེན་བྱ་དགོས་པའི་གནད་འགག་ལ་བརྟེན་ ད་ཆ་རྒྱ་གར་གཞུང་གིས་ཕྱི་ནས་དམག་དོན་གོ་མཚོན་འབོར་ཆེན་ཞིག་ཉོ་འགོ་ཚུཌ་བཞིན་ཡོད་པ་གསུངས་ཀྱི་ཡོད་པ་རེད་
ད་རེས་རྒྱ་གར་གཞུང་གིས་ཕེ་རནསི་འགྲམ་ནས་ ཨ་སྒོར་འཐེར་འབུལ་༡༢་ཀྱི་མ་གནས་ ཚད་མཐོའི་གནམ་དམག་གི་ གནམ་གྲུ་༡༢༦ ཉོ་རྒྱུའི་གནས་ཚུལ་ཐོན་ཡོད་པ་དང་ བདེ་འཇགས་གནད་དོན་དཔྱད་ཞིབ་གནང་མཁན་ཇེནསི་(Jane’s Defence Weekly)དུས་དེབ་ཀྱིས་སྙན་ཐོ་ཞིག་ནང་ རྒྱ་གར་གཞུང་གིས་ ཕྱི་ལོ་༢༠༡༥བར་  དམག་དོན་གོ་མཚོན་མཁོ་སྒྲུབ་ཀྱི་ཆེད་ ཉུང་མཐར་ཨ་སྒོར་ འཐེར་འབུམ་བརྒྱ་ཙམ་ འགྲོ་གྲོན་གཏོང་འཆར་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད་
ཨ་མི་རི་ཀའི་གཞུང་གི་གསང་བའི་ལས་ཁུངས་ཀྱི་འགལ་འཛིན་ཇེམ་སི་ཀེ་ལེ་པར་གྱིས་ཁ་ས་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་ཆུང་ལ་  རྒྱ་གར་གཞུང་ལ་ས་མཚམས་ཁུལ་ནས་རྒྱ་ནག་གིས་དཀའ་ངལ་བཟོ་ཡོང་བསམ་པའི་དངངས་ཚབས་ཆེན་པོ་ཡོད་པ་དང་ རྒྱ་གར་གཞུང་གི་དམག་དཔུང་ནས་རྩོད་གཞི་ཡོད་པའི་ས་མཚམས་ཁུལ་རྒྱ་ནག་གི་དཔུང་དམག་ལ་གདོང་ལེན་བྱ་དགོས་པ་འགྱུར་རྒྱུའི་གྲ་སྒྲིག་བྱེད་བཞིན་པ་དང་ ཕྱོགས་མཚུངས་རྒྱ་གར་ངོས་ནས་རྒྱ་གར་རྒྱ་མཚོའི་ནང་རྒྱ་ནག་གི་དམག་དོན་སྟོབས་དང་ཆ་སྙོམ་ཡོང་ཐབས་ལ་ཤུགས་སྣོན་རྒྱབ་ཀྱི་ཡོད་སྐོར་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་སྲིད་འཛིན་ ༤༧ པ་ཌོ་ནལཌི་ཊམཔ་མཆོག་གིས་གཞུང་འཛིན་གྱི་འགན་འཁུར་བཞེས་པའི་སྐབས་འདིར། ཨ་མི་རི་ཀས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མང་གིས་ཐུགས་རེ་གནང་བཞིན་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་པས་མཛད་རིམ་ཐོག་མ་རྒྱ་གར་སོགས་མཐུན་ཕྱོགས་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎