དུས་འཁོར་དབང་ཆེན་སྐབས་མི་འབུམ་གཉིས་འཛོམས་སྲིད།

བོད་ཕྱི་ནང་གཉིས་ནས་བོད་མི་གཙོ་བོར་བྱེད་པའི་དད་ལྡན་ཆོས་ཞུ་བ་འབུམ་གཉིས་ཙམ་འདུ་འཛོམས་བྱེད་རྒྱུར་ཚོད་དཔག་བྱེད་བཞིན་པ་རེད།

2011-12-24
Share

༄༅༎རིང་མིན་ནང་པའི་གནས་མཆོག་རྡོ་རྗེ་གདན་དུ། ༧གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཐེངས་༣༢པ་དེ་བསྩལ་སྐབས། བོད་ཕྱི་ནང་གཉིས་ནས་བོད་མི་གཙོ་བོར་བྱེད་པའི་དད་ལྡན་ཆོས་ཞུ་བ་འབུམ་གཉིས་ཙམ་འདུ་འཛོམས་བྱེད་རྒྱུར་ཚོད་དཔག་བྱེད་བཞིན་པ་རེད།
འདི་ལོ་སྔར་དང་མི་འདྲ་བར་བོད་ནས་བོད་མི་སྟོང་ཕྲག་མང་པོ་འབྱོར་དང་འབྱོར་བཞིན་པ་ལྟར། ད་བར་བོད་མི་བདུན་སྟོང་ཙམ་འབྱོར་ཟིན་ཡོད་པ་དང༌། བལ་ཡུལ་བརྒྱུད་བསྐྱོད་མཁན་བོད་མི་དེ་དག་ལ་ཡུལ་སྐད་མ་ཤེས་པར་བརྟེན་ནས་འགྲོ་སྡོད་གནས་མལ་སོགས་ཀྱི་དཀའ་ངལ་འདྲ་མིན་སྣ་ཚོགས་འཕྲད་ཀྱི་ཡོད་འདུག། ལྷག་པར་དུ་བལ་ཡུལ་ནང་རྒྱ་གར་གྱི་ཤོག་དངུལ་བརྗེ་བསྒྱུར་དང་ས་མཚམས་སུ་བསུན་རྩེར་སོགས་དཀའ་ངལ་ཆེན་པོ་སྤྲད་ཀྱི་ཡོད་འདུག། བོད་ནས་ཕེབས་མཁན་ཕལ་ཆེ་བ་སྔ་ཚུད་ནས་འབྱོར་ཟིན་ནས་དུས་འཁོར་དབང་ཆེན་དབུ་འཛུགས་མ་གནང་གོང་བཞུགས་སྒར་དྷ་རམ་ས་ལ་དང་གནས་མཆོག་མཚོ་པདྨ་སོགས་ལ་གནས་སྐོར་ལ་ཕེབས་ཀྱི་ཡོད་འདུག། ཐེངས་འདིའི་དུས་འཁོར་དབང་ཆེན་སྐབས་ཕྱི་ནང་དད་ལྡན་ཆོས་ཞུ་བ་འབུམ་གཉིས་ཙམ་འདུ་འཛོམས་བྱེད་རྒྱུ་ཡིན་པར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གིས་ཚོད་དཔག་གནང་གི་ཡོད་པ་ལྟར་མཐུན་འགྱུར་འཐུས་གནང་རྒྱུའི་འབད་བརྩོན་གནང་མུས་དང་། ད་ལྟའི་ཆར་གཞིས་ལུས་བོད་མི་བདུན་སྟོང་ཙམ་གནས་མཆོག་རྡོ་རྗེ་གདན་དུ་འདུ་འཛོམས་གནང་རྒྱུར་ངེས་ཀྱང་དབང་ཆེན་དངོས་གཞིའི་སྐབས་གྲངས་འབྱོར་དེ་ལས་བརྒལ་སྲིད་པ་རེད།། 

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།