རྒྱ་གར་དང་པ་ཀི་སི་ཐན་དབར་ཞི་འཇམ་ཡོང་ཆེད་བཀའ་བསྡུར།

པ་ཀི་སི་ཐན་དང་རྒྱ་གར་གྱི་དམག་དཔོན་དབར་ཡུལ་གཉིས་ཀྱི་འབྲེལ་ལམ་ཛ་དྲག་ཏུ་འགྲོ་བཞིན་པ་དེ་ཞི་འཇམ་ཡོང་རྒྱུའི་ཆེད་བཀའ་བསྡུར་གནང་བ།
2008-12-29
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎པ་ཀི་སི་ཐན་དང་རྒྱ་གར་གྱི་དམག་དཔོན་དབར་ཟླ་བ་སྔོན་མ་རྒྱ་གར་གྱི་ཚོང་དོན་ལྟེ་གནས་གྲོང་ཁྱེར་མུམ་སྦའེ་ནང་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་གྱི་བྱ་སྤྱོད་སྤེལ་བའི་རྗེས་ཡུལ་གཉིས་དབར་གྱི་འབྲེལ་ལམ་ཛ་དྲག་ཏུ་འགྲོ་བཞིན་པ་དེ་ཞི་འཇམ་ཡོང་རྒྱུའི་ཆེད་གཟའ་ཉི་མའི་ཉིན་ཕན་ཚུན་ཞལ་པར་ཐོག་བཀའ་བསྡུར་གནང་ཡོད་པ་འབྲེལ་ཡོད་དཔོན་རིགས་ནས་གཟའ་སྤེན་པའི་ཉིན་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་འདུག

སྔོན་ནས་དུས་ཚོད་གཏན་འཁེལ་སོགས་གང་ཡང་མེད་པའི་འོག་རྒྱ་གར་དང་པ་ཀི་སི་ཐན་གྱི་དམག་དོན་དཔོན་རིགས་དབར་བཀའ་མོལ་གནང་ཡས་དེ་ཡང་ཉིན་ཤས་སྔོན་པ་ཀི་སི་ཐན་གྱི་དཔོན་རིགས་ནས་པ་ཀི་སི་ཐན་དང་ཨཕ་ག་ནི་སི་ཐན་གྱི་ས་མཚམས་སུ་འཇིགས་སྐུལ་དྲག་སྤྱོད་པར་ཁ་གཏད་ལས་དོན་སྤེལ་བཞིན་པའི་དམག་དཔུང་ཁག་ཅིག་རྒྱ་གར་དང་པ་ཀི་སི་ཐན་གྱི་ས་མཚམས་ཁུལ་དུ་ཆེད་གཏོང་བྱས་ཡོད་པ་མ་ཟད་དམག་མི་རྣམས་གུང་སེང་སོགས་ལ་བསྐྱོད་རྒྱུ་གནས་སྐབས་ཕྱིར་འཐེན་བྱས་པའི་གནས་ཚུལ་ཕྱིར་བསྒྲགས་བྱུང་བའི་རྗེས་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་དེ་བས་ཛ་དྲག་ཏུ་བསྐྱོད་བཞིན་ཡོད་པར་བརྟེན་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དེ་བས་ཛ་དྲག་ཏུ་མི་འགྲོ་རྒྱུའི་ཆེད་གོང་ཞུས་ཡུལ་གཉིས་ཀྱི་དཔོན་རིགས་དབར་ཞལ་པར་ཐོག་ནས་ད་ལྟའི་གནས་སྟངས་ཞི་འཇམ་དུ་འགྲོ་རྒྱུའི་སྐོར་སོགས་ཀྱི་གནད་དོན་ཐོག་བཀའ་མོལ་གནང་ཡོད་པ་པ་ཀི་སི་ཐན་གྱི་དམག་དཔོན་ནས་ཕེ་རན་སི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་བྱས་ཡོད་པ་དང་ཡིན་ནའང་གནས་ཚུལ་ཕྱིར་བསྒྲགས་གནང་མཁན་གྱི་དམག་དཔོན་དེས་རྒྱ་གར་དང་པ་ཀི་སི་ཐན་གྱི་དམག་དཔོན་དབར་གྱི་གྲོས་མོལ་དེའི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཕྱིར་བསྒྲགས་གནང་མེད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།