རྒྱ་ནག་གཞུང་གིས་པཎ་ཆེན་ཡང་སྲིད་དུ་བསྐོ་གཞག་བྱས་པ་རྒྱལ་མཚན་ནོར་བུས་ལྷོ་ཁར་ལྟ་སྐོར་བྱས་འདུག

2022.08.01
རྒྱ་ནག་གཞུང་གིས་པཎ་ཆེན་ཡང་སྲིད་དུ་བསྐོ་གཞག་བྱས་པ་རྒྱལ་མཚན་ནོར་བུས་ལྷོ་ཁར་ལྟ་སྐོར་བྱས་འདུག རྒྱ་ནག་གཞུང་གིས་པཎ་ཆེན་ཡང་སྲིད་དུ་བསྐོ་གཞག་བྱས་པ་རྒྱལ་མཚན་ནོར་བུས་ལྷོ་ཁར་ལྟ་སྐོར་སྐབས། ༧།༢༠༢༢
Chinese State Media

རྒྱ་ནག་གཞུང་གིས་ལོ་མང་སྔོན་ནས་མཐའ་མཚམས་འཛུགས་བསྐྲུན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཟེར་བ་རྒྱ་གར་དང་ས་མཚམས་འཁེལ་ཡུལ་བོད་ལྷོ་ཕྱོགས་ཀྱི་ས་ཁུལ་ཁག་ནང་འཛུགས་སྐྲུན་གྱི་ལས་གཞི་ཆེན་པོ་ཞིག་སྤེལ་བཞིན་ཡོད་ལ། རྒྱ་གར་གྱི་དམག་དོན་ཞིབ་འཇུག་པ་ཚོས་རྒྱ་ནག་གི་ངོས་ནས་ས་ཁུལ་དེ་དག་གི་ནང་དམག་དོན་རྒྱ་བསྐྱེད་ཀྱི་ལས་གཞི་སྤེལ་བཞིན་ཡོད་པ་བརྗོད་བཞིན་ཡོད་པ་རེད།
དེ་ཙམ་མ་ཟད་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་འདྲ་མིན་ས་ཁུལ་དེ་དག་ནང་འཚམས་གཟིགས་ཀྱི་མིང་ཐོག་བསྐྱོད་ཡོད་པ་ལྟར། རྒྱ་ནག་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་བསྐོ་གཞག་བྱས་པའི་རྒྱལ་མཚན་ནོར་བུ་ཡང་ཉེ་ལམ་ཕྱི་ཟླ་༧ཚེས་༡༩ནས་༢༩བར་ལྷོ་ཁ་གྲོང་ཁྱེར་གྱི་གོང་དཀར་དང་ལྷུན་རྩེ། མཚོ་སྣ། ལྷོ་བྲག སྣ་དཀར་རྩེ་སོགས་སུ་བསྐྱོད་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱིས་གནས་ཚུལ་སྤེལ་འདུག
ཕྱི་ལོ་༢༠༢༠ལོར་རྒྱ་ནག་དང་རྒྱ་གར་གྱི་དམག་མིའི་བར་ལ་དྭགས་ས་ཁུལ་དུ་འཁྲུག་འཛིང་ཐེངས་འགའ་ཤས་བྱུང་ནས་མི་སྣ་ཤི་རྨས་བྱུང་ཡོད་པ་དང་། ས་མཚམས་ཀྱི་ཛ་དྲག་གི་གནས་སྟངས་ཞི་ཐབས་སླད་ཡུལ་གྲུ་གཉིས་ཀྱི་དམག་དཔོན་མཐོ་གྲས་བར་གྲོས་མོལ་ཐེངས་༡༧ཙམ་བྱས་ཟིན་ཡོད་ན་ཡང་། ཕྱོགས་གཉིས་ཀྱིས་ས་མཚམས་སུ་དམག་དཔུང་འབོར་ཆེ་འགྲེམས་འཇོག་བྱས་ཡོད་པ་དེ་དག་ད་བར་ཉུང་དུ་གཏོང་ཐུབ་པ་བྱུང་མེད་པ་རེད།
རྒྱ་ནག་གཞུང་འབྲེལ་གྱིས་གནས་ཚུལ་སྤེལ་བ་དེའི་ནང་། རྒྱལ་མཚན་ནོར་བུ་མཚོ་སྣ་རྫོང་དུ་དེ་སྔོན་ཕྱི་ལོ་༡༩༦༢ལོར་རྒྱ་གར་དང་རྒྱ་ནག་གི་དམག་འཁྲུག་སྐབས་ཀྱི་དམག་དཔོན་ཀྲང་གོ་ཧྭའི་དྲན་རྟེན་དུ་ཡང་བསྐྱོད་ཡོད་འདུག
རྒྱ་ནག་གཞུང་གི་ངོས་ནས་རྒྱ་གར་གི་ཨ་རུ་ན་ཅཱལ་མངའ་སྡེའི་ས་ཁྱོན་འབོར་ཆེ་ཞིག་རྒྱ་ནག་ལ་བདག་ཚུལ་བརྗོད་བཞིན་ཡོད་ཅིང་། རྒྱ་གར་གྱིས་མངའ་སྡེ་འདི་ནི་རྒྱ་གར་གྱི་ཁྲིམས་མཐུན་ཆ་ཤས་ཤིག་ཡིན་པ་བརྗོད་བཞིན་ཡོད་པ་རེད།

གསར་འགོད་པ། སྐལ་ལྡན་བློ་གྲོས།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་རྣམས་ནས་གོ་སྐབས་ནམ་བྱུང་ལ་བོད་དོན་དྲིལ་བསྒྲགས་གནང་གལ་ཆེ་བ་ཡིན་ཞེས། སྲིད་སྐྱོང་མཆོག་གིས་མོན་གྷོ་འདོད་རྒུ་གླིང་གི་མི་མང་་ལ་གསུངས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎