སློབ་ཕྲུག་༡༠༣ནས་ཞི་བའི་གོམ་བགྲོད།

ཕྱི་ཚེས་༢༧ཉིན་སྦིར་སུ་ཇཱའི་སློབ་གྲྭའི་སློབ་ཕྲུག་བརྒྱ་ལྷག་གིས་བོད་ནང་བོད་མིའི་དཀའ་སྡུག་ལ་གདུང་སེམས་མཉམ་བསྐྱེད་ཆེད་སློབ་གྲྭ་ནས་རྡ་སའི་བར་ཉིན་གཉིས་ཀྱི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བཞིན་འདུག

2012.12.28

༄༅།    །ཁ་སང་རེས་གཟའ་ཕུར་བུའི་ཉིན་གྱི་ཞོགས་པའི་ཆུ་ཚོད་༧སྟེང་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་བའི་སློབ་ཕྲུག་གཉིས་ཀྱིས་གཙོ་འགན་འཁྱེར་ཏེ། སློབ་མ་ ༡༠༣ ཙམ་གྱིས་སློབ་གྲྭ་ནས་ངྷ་ས་བར་གྱི་ཉིན་གཉིས་རིང་གི་ཞི་བའི་གོམ་བགྲོད་ཅིག་འགོ་འཛུགས་གནང་ཡོད་ཅིང་། སློབ་ཕྲུག་དེ་དག་མཉམ་དུ་སློབ་གྲྭའི་དབུ་འཛིན་དང་སློབ་སྤྱི་རྣམ་པ་གཉིས་ཀྱང་ཕེབས་ཡོད་འདུག
སྐབས་དེར་སློབ་ཕྲུག་ཚོས་ལག་ཏུ་བོད་རྒྱལ་ཁབ་ཀྱི་རྒྱལ་དར་དང་མདུན་དུ་བོད་ནང་སྐུ་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་པ་རྣམས་ཀྱི་མཚན་དང་ལོ་རྒྱུས་འཁོད་པའི་འཕྲེད་དར་འཕྱར་བཞིན་གོམ་བགྲོད་གནང་བཞིན་ཡོད་པ་རེད་འདུག


གོམ་བགྲོད་སྣེ་ཁྲིད་པ་སློབ་མ་དཀོན་མཆོག་རིན་ཆེན་ལགས་ཀྱིས་གོམ་བགྲོད་ཀྱི་ལས་འགུལ་དེ་སྤེལ་དགོས་དོན་ནི།    གཙོ་བོ་བོད་ནང་བོད་མི་བརྒྱ་ལ་ཉེ་བས་རང་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་གིས་སྐུ་ལུས་མེར་བསྲེགས་བཏང་སྟེ། ཞི་བའི་ངོ་རྒོལ་གནང་བར་རྗེས་དྲན་ཞུ་ཆེད་དང་། དམིགས་བསལ་བོད་ནང་སློབ་ཕྲུག་སྟོང་ཕྲག་མང་བོས་རང་མི་རིགས་ཀྱི་སྐད་ཡིག་རང་དབང་གི་ཆེད་རྒྱ་ནག་དབང་བསྒྱུར་བའི་སྲིད་བྱུས་ལ་གདོང་ལེན་བྱེད་བཞིན་པར་རྒྱབ་སྐྱོར་གསལ་སྟོན་ཆེད་དང་།  ལས་འགུལ་འདི་བརྒྱུད་  བོད་ཕྱི་ནང་གཉིས་ཀྱི་སློབ་མའི་བར་སྐྱིད་སྡུག་མཉམ་མྱོང་བྱེད་ཀྱིན་ཡོད་ཅེས་ངོ་སྤྲོད་གནང་འདུག
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༥ ཡོལ་ཙམ་ལ་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འཁོར་གྱི་རྒྱལ་གཅེས་དཔའ་བོའི་རྗེས་དྲན་རྡོ་རིང་མདུན་ནས་སྟབས་བདེའི་མཛད་སྒོ་ཞིག་དང་མཉམ་དུ་ད་རེས་ཀྱི་ཉིན་གྲངས་གཉིས་རིང་གི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེ་མཇུག་བསྒྲིལ་གནང་གི་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་རྒྱུའི་མཛད་འཆར་ཁག་རེ་ཞིག་མཇུག་སྒྲིལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎