ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཕེབས་འདུག

2023.11.14
ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཕེབས་འདུག ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཕེབས་སྐབས། ༡༡།༡༤།༢༠༢༣
@Pema Khandu

དེ་ཡང་ཟླ་བ་འདིའི་ཕྱི་ཚེས་༡༤ཉིན་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས། མོན་ལྷ་རི་སྐུ་ཕྲེང་བཅུ་པ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དགའ་ལྡན་བྱང་རྩེ་གྲྭ་ཚང་གྱི་ནང་ཆོས་ཞུགས་ཀྱི་རྟེན་འབྲེལ་མཛད་སྒོ་དང་། རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་ནང་པའི་སློབ་ཕྲུག་བདེ་དོན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པའི་ཐོག་མགྲོན་འབོད་ཞུས་པ་ལྟར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཕེབས་ཡོད་པ། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་མོན་པ་རྒན་བློ་བཟང་བཟོད་པ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།

Pema Khandu (1).jpg
ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་མོན་གྷོ་འདོད་རྒུ་གླིང་དུ་ཕེབས་འབྱོར་སྐབས། འདོད་རྒུ་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་བཀོད་ཁྱབ་འོག་གཞིས་ཁུངས་དེའི་ཚོགས་སྡེ་ཁག་དང་བོད་མི་སེར་སྐྱ་མི་མང་རྣམས་ཀྱིས་ཕེབས་བསུ་ཞུས་གནང་ཡོད་པ་རེད། གཞི་རྩའི་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་མོན་ས་ཁུལ་གྱི་ནང་པའི་བླ་ཆེན་ལྷ་རྒྱལ་རིན་པོ་ཆེ་སྐུ་ཕྲེང་དགུ་པ་མཆོག་ཕྱི་ལོ་༢༠༡༣ལོར་དགོངས་པ་རྫོགས་པའི་རྗེས། ཁོང་གི་སློབ་ཚོགས་འདུལ་བྱ་རྣམས་ཀྱིས་གསོལ་འདེབས་ཞུས་པ་གཞིར་བཟུང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༢༠༡༧་ལོའི་ཟླ་༡༡་པའི་ཚེས་༡་ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དུ་འཁྲུངས་པ་བསྟན་འཛིན་དབང་གྲགས་ལགས་ལྷ་རྒྱ་རིན་པོ་ཆེ་སྐུ་ཕྲེང་དགུ་པའི་ཡང་སྲིད་དུ་ངོས་འཛིན་གནང་ཡོད་པ་དང་། སྐབས་དེར་མཛད་སྒོའི་ཐོག་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པད་མ་མཁའ་འགྲོ་ལགས་ཕེབས་ནས། ང་ཚོའི་བླ་མ་ལྷ་རྒྱལ་རིན་པོ་ཆེ་ཡི་སྐུ་ཡོན་གསན་བསམ་མཐར་ཕྱིན་པ་ཡག་པོ་ཞིག་ཡོང་བའི་སྨོན་འདུན་ཞུས་ཡོད་པ་དང་ཨ་རུ་ན་ཅལ་ཁུལ་གྱི་དད་ལྡན་པ་མི་ཉུང་བ་ཞིག་སྐབས་དེར་བཅར་ཡོད་པ་རེད།
ལྷ་རྒྱལ་རིན་པོ་ཆེ་ནི་མོན་ཡུལ་གྱི་སྤྲུལ་སྐུ་རྣམ་གསུམ་གྱི་ཡ་རྐྱལ་ཞིག་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བླ་ཆེན་ཞིག་ཡིན་པ་རེད། ཨ་རུ་ན་ཅལ་ནང་པའི་སློབ་ཕྲུག་བདེ་དོན་ལྷན་ཚོགས་དེ་ནི་ཕྱི་ལོ་༢༠༡༦་གསར་བཙུགས་གནང་བ་ཞིག་ཡིན་པ་དང་། དེའི་ཚོགས་མི་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཡོད་པའི་ཨ་རུ་ན་ཅལ་མངའ་ཁུལ་ནང་པའི་སློབ་མ་སེར་སྐྱ་ཕོ་མོ་བསྡོམས་༢༠༠་བརྒལ་བ་ཞིག་ཡོད་པ་དང་། ལྷན་ཚོགས་དེའི་དམིགས་ཡུལ་ནི་ནང་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུད་འཛིན་བྱ་རྒྱུ་དེ་ཡིན་པ་རེད་འདུག།


གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བོད་མི་འཐབ་རྒོལ་བ་ཚོར་སྦྱོང་བརྡར་སྤྲད་པའི་གནས་ཚུལ་གསར་པ་ཁག་ཅིག་ཤེས་རྟོགས་བྱུང་བ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་གདོད་མའི་མི་རིགས་ལ་དགོངས་སེལ་ཞུ་བཞིན་པའི་སྐབས་རྒྱ་ནག་གཞུང་གིས་སྟོབས་ཤུགས་ཡོད་ཚད་ཀྱིས་བོད་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ནི་ངོ་ཚ་དགོས་པ་ཞིག་ཡིན་ཞེས། ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎